གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

མེ་རྐྱེན་ལས་བརྟེན་ཏེ་ ཁྱིམ་༥་ཚིགས་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༧

༉ ཧཱ་ དབུས་སུ་རྒེད་འོག་གི་ སྐྱིདཔ་རི་གཡུས་ཚན་ནང་ལུ་ ཁ་ཙ་དྲོ་པ་ཆུ་ཚོད་༢་དང་སྐར་མ་༤༠་དེ་ཅིག་ཁར་ མེ་རྐྱེན་བྱུང་མི་ལས་བརྟེན་ཏེ་ རང་ལུགས་ཀྱི་ཁྱིམ་༥་ མེ་གིས་འཚིགས་ནུག

མེ་རྐྱེན་འདི་གིས་ ཁྱིམ་ལྔཔ་ཆ་ར་ རྩ་བ་ལས་རང་ ཚིགས་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ མི་དང་སྒོ་ནོར་ལུ་གནོད་སྐྱོན་འབྱུང་ཡོད་པའི་སྙན་ཞུ་ཅིག་ ག་ནི་ཡང་མེདཔ་ཨིན།

མེ་རྐྱེན་འདི་ཡང་ ཁྲིམས་སྲུང་འགག་པ་དང་ཁས་བླངས་པ་ཚུ་གིས་ དུས་ཡུན་ཆུ་ཚོད་༥་དེ་ཅིག་ཁར་ བསད་ཚུགས་ནུག

རྐྱེན་ངན་བྱུང་ས་ལུ་ ད་རིས་ བློན་ཆེན་ངོ་ཚབ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ཉམས་རྒུད་འབྱུང་མི་མི་སེར་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་གནང་མི་ སེམས་གསོ་ཚུ་གནང་ཡི།

འདི་བཟུམ་སྦེ་ ཧཱ་ རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ཡང་ ཁོང་ཆ་ཁྱབ་ལུ་ གནས་སྐབས་ཅིག་ སྡོད་ས་དང་བཟའ་ས་གི་གྲོགས་རམ་ཚུ་ འབད་དེ་འདུག

མེ་རྐྱེན་འདི་ ག་ཅི་ལས་བརྟན་བྱུང་ཡོདཔ་ཨིན་ན་མ་ཤེསཔ་ལས་ ཞིབ་དཔྱད་ཚུ་འབད་བའི་བསྒང་རང་འདུག