གཟའ་སྤེན་པ། ༢༠༡༧ ཟླ་༡༡ པའི་སྤྱི་ཚེས་༡༧

སྤ་རོ་རྫོང་ཁག་ ན་རྒྱ་རྒེད་འོག་ནང་ལུ་ རང་ལུགས་ཀྱི་ཁྱིམ་ཅིག་ རྩ་བ་ལས་ར་ མེ་གི་འཚིགས་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༡༢ ༢༠༡༧

༉ ཁ་ཙ་ ཉི་མ་ཁམས་ཅིག་ཁར་ སྤ་རོ་རྫོང་ཁག་ ན་རྒྱ་རྒེད་འོག་ནང་ལུ་ ཐོག་ཚད་གཉིས་འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ རྩ་བ་ལས་ར་ མེ་གི་འཚིགས་ཏེ་འདུག

ཨིན་རུང་ མི་ལུ་གནོད་རྐྱེན་ཚུ་ ག་ནི་ཡང་མ་བྱུངམ་ཨིན་མས།

མེ་རྐྱེན་འདི་ ག་ཅི་ལས་བརྟེན་ཏེ་བྱུང་བྱུངམ་ཨིན་ན་ ད་ལྟོ་ གཏན་གཏན་ཅིག་སྦེ་ མ་ཤེས་པར་འདུག

རྫོང་ཁག་སྐྱིད་སྡུག་ཡིག་ཚང་གིས་ ཉམས་རྒུད་བྱུང་མི་བཟའ་ཚང་ལུ་ སེམས་གསོ་དང་ གཞན་མཁོ་ཆེ་བའི་ཅ་ཆས་ཚུ་གནང་ནུག