གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

བུམོ་ཅུང་གཅིག་དབང་བཙོང་འདོད་སྤྱོད་ཀྱི་གནད་དོན་ལས་བརྟེན་ དོགས་པ་ཅན་གཉིས་བཟུང་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༡༡ ༢༠༡༧

༉ དབང་འདུས་ཕོ་བྲང་གི་ ཁྲིམས་སྲུང་འགག་པ་གིས་ བུམོ་ཅུང་ཅིག་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་སྐོར་ལས་ དོགས་པ་ཅན་འདི་ལུ་ ཞིབ་དཔྱད་ཚུ་འབད་བའི་བསྒང་ར་འདུག

ཁྲིམས་སྲུང་འགག་པ་གིས་ འདས་པའི་ཟླཝ་ནང་ སྙན་ཞུ་ཅིག་ཐོབ་པའི་ཤུལ་ དོགས་པ་ཅན་༢བཟུང་ནུག

སྐྱེ་ལོ་༣༠དང་༤༥འབད་མི་ དོགས་པ་ཅན་ཕོ་རྒས་གཉིས་ཡང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དབང་འཛིན་ནང་ ལཱ་འབད་མི་ཅིག་ཨིན་མས།

ལོ་༡༦ལང་མི་ ཉམས་རྒུདཔ་སློབ་ཕྲུག་བུམོ་འདི་ ཨ་ལོ་སྐྱེ་ནི་སྦེ་ ཟླཝ་༨ལང་སྟེ་ཡོདཔ་ཨིན་མས།

ཨིན་རུང་ ཁྲིམས་སྲུང་འགག་པ་དང་འཁྲིདཔ་ད་ དོགས་པ་ཅན་གཉིས་ཀྱིས་ བྱ་ངན་འདི་མ་འབད་ཟེར་ ཁ་བཟེད་མ་བཏུབ་པར་ཡོདཔ་སྦེ་ཨིན་མས།