གཟའ་སྤེན་པ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༢༠

ཉིནམ་༡༢་ཀྱི་རིང་ སྨྱོ་རྫས་ཕུད་རྡོག་སྟོང་ཕྲག་ལས་བཅསཔ་སྦེ་ཕྱོགས་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༡༡ ༢༠༡༧

༉ ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ འདས་པའི་ཉིནམ་༡༢གི་ནང་འཁོད་ སྨྱོ་རྫས་དང་འབྲེལ་བའི་གནད་དོན་ནང་ལུ་འབྲེལ་བ་ཡོད་པའི་ དོགས་པ་ཅན་ཨམ་སྲུ་༣རྩིས་ཏེ་ མི་༢༦བཟུང་ནུག

ཁོང་ཆ་ཁྱབ་ཀྱི་གྲལ་ལས་ དོགས་པ་ཅན་༡༡འདི་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ཨིནམ་ལས་ འབྲུག་སྨྱེ་རྫས་བཀག་འཛིན་དབང་འཛིན་གྱིས་ བསླབ་སྟོན་དང་ ཀུན་སྤྱོད་བསྐྱར་གསོ་ལྟེ་བ་ནང་ལུ་ བཏང་ཡོདཔ་ཨིན་མས།

ཨིན་རུང་ གཞན་མི་ དོགས་པ་ཅན་ཚུ་ བཀག་དམ་འབད་དེ་ཡོད་པའི་ སྨྱོ་རྫས་ནག་ཚོང་འཐབ་ཡོད་པའི་ གནད་དོན་ལས་བརྟེན་ཏེ་ དོ་དམ་འོག་ལུ་བཞག་སྟེ་ཡོདཔ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་ ཁོང་དོགས་པ་ཅན་ཚུ་ནང་ལས་ སྨྱོ་རྫས་ཕུད་རྡོག་ སྟོང་ཕྲག་༢ལྷགཔ་ཅིག་དང་ གཞན་མི་ སྨྱོ་རྫས་ཚུ་ཕྱོགས་ནུག

དོགས་པ་ཆན་ཚུ་ཡང་ གནད་དོན་མ་འདྲཝ་ཚུ་གི་ཐོག་ལས་ ཐིམ་ཕུག་ལུ་ བཟུང་ཡོདཔ་ཨིན་མས།