གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

མི་སྟོང་ཕྲག་༦་ལྷགཔ་ཅིག་ལུ་ མིག་ཏོ་གི་ཞལ་འདེབས་འབད་ནི་གི་སེམས་ཤུགས་འབྱིན་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༡༡ ༢༠༡༧

༉ ཐིམ་ཕུག་ལུ་ཡོད་པའི་ འབྲུག་གི་ན་གཞོན་དབང་པོ་སྐྱོན་ཅན་དམིགས་གསལ་སྙན་ཆའི་སྦྱོང་བརྡར་ལྟེ་བ་ནང་ལས་ སྡེ་ཚན་ཅིག་གིས་ ད་ལྟོ་ཚུན་ཚད་ རྫོང་ཁག་༥་གི་ནང་ལས་ མི་སྟོང་ཕྲག་༦་ལྷགཔ་ཅིག་ལུ་ ཁོང་རའི་མིག་ཏོ་ཞལ་འདེབས་འབྱིན་ནི་གི་ སེམས་ཤུགས་ཚུ་འབྱིན་ཚུགས་ཏེ་འདུག

ཁོང་ཆ་ཁྱབ་ཀྱིས་ མིག་ཏོ་ཞལ་འདེབས་འབྱིན་དགོ་པའི་སེམས་ཤུགས་འདི་ཡང་ ཁྱད་པར་ཅིག་བཟོ་ནི་གི་དོན་ལས་ ཞལ་འདེབས་འབད་ཟེར་བའི་བརྗོད་དོན་གུ་ལུ་ མིག་ཏོ་ཞལ་འདེབས་གི་ དུས་ཐུང་གློག་བརྙན་ཅིག་ཨིན་མི་ མུན་པའི་སྡུག་བསྔལ་ཟེར་མི་འདི་སྟོན་ཡི་རང་ འབྱིནམ་ཨིན་མས།

ཕྲལ་ཁམས་ཅིག་ཁར་ སྡེ་ཚན་འདི་གིས་ དཀར་དཀར་ན་སློབ་གྲྭ་ལྟེ་བའི་སློབ་ཕྲུག་ཚུ་ལུ་ མིག་ཏོ་ཞལ་འདེབས་འབད་དགོ་པའི་གོ་བརྡ་ཚུ་སྤྲོད་དེ་ཡོདཔ་ཨིན།

སློབ་ཕྲུག་ཚུ་གིས་སླབ་མི་ནང་ མིག་ཏོ་ཞལ་འདེབས་འབྱིན་ནི་འདི་ ད་ལྟོ་རང་ གསོན་པོ་སྦེ་སྡོད་པའི་རིང་མེན་པར་ རང་གི་དབུགས་ཆདཔ་ཅིག་ བཏོན་འབག་ནི་ཅིག་རང་འབདཝ་ལས་ ཞལ་འདེབས་འདི་འབད་བ་ལུ་ སྟབས་མ་བདེཝ་ཅིག་ ག་ནི་ཡང་མིན་འདུག་ཟེར་བཤད་ཅི།

འདི་བཟུམ་སྦེ་ འབྲུག་གི་ན་གཞོན་དབང་པོ་སྐྱོན་ཅན་དམིགས་གསལ་སྙན་ཆའི་སྦྱོང་བརྡར་ལྟེ་བ་གཞི་བཙུགས་འབད་མི་ འཇིགས་མེད་རྣམ་རྒྱལ་གྱིས་རང་འབད་རུང་ མི་ཚུ་གིས་ མིག་ཏོ་ཞལ་འདེབས་འབད་དགོ་ཟེར་སླབ་ད་ ད་ལྟོ་ལས་རང་ མིག་ཏོ་འདི་བཏོན་ཏེ་ འབྱིན་དགོཔ་འདྲ་བས་ཟེར་མནོ་སྡོད་ནུག་ཟེར་ཨིན་མས།

ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་ གོ་བརྡ་འདི་ཚུ་སྤྲོད་དེ་འབད་བའི་བསྒང་ལས་ མི་ཚུ་གིས་ ཧ་གོ་སྟེ་ ཁོང་རའི་མིག་ཏོ་ཞལ་འདེབས་འབྱིན་ནི་སྦེ་ འོང་ནི་འདུག་ཟེར་བཤད་ཅི།

ལྟེ་བ་འདི་གིས་ རྫོང་ཁག་༢༠་གི་གྲྭ་ཚང་དང་སློབ་གྲྭ་འདི་ཚུ་ ག་རའི་ནང་ལུ་ གོ་བརྡ་ཚུ་སྤྲོད་བར་འགྱོ་ནི་གི་ལས་རིམ་འདུག