གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

འཕྲུལ་གླང་བཀྲམ་སྤེལ་ལས་བརྟེན་ སོ་ནམ་ལཱ་འབད་མི་ན་གཞོན་མང་སུ་ཐོན་པའི་རེ་བ།

སྤྱི་ཟླ་༩ པའི་ཚེས་ ༡༡ ༢༠༡༧

༉ པདྨ་དགའ་ཚལ་ རྫོང་ཁག་སོ་ནམ་ལས་ཚན་གྱིས་ ཕྲལ་ཁམས་ཅིག་ཁར་ ན་གཞོན་ཚུ་གི་ནང་འཁོད་ སོ་ནམ་གྱི་ལཱ་འབད་ནི་གི་དོན་ལས་ སེམས་ཤུགས་བྱིན་ཐབས་ལུ་ འཕྲུལ་གླང་ཆུང་ཀུ་ མི་ནི་པའུ་ཊེ་ལར་ ཚུ་ བཀྲམ་སྤེལ་འབད་ཡི།

འཕྲུལ་གླང་འདི་ཡང་ པདྨ་དགའ་ཚལ་རྫོང་ཁག་ ནོར་བུ་སྒང་དང་ ཆོས་འཁོར་གླིང་རྒེད་འོག་ནང་ལུ་ སོ་ནམ་གྱི་ལཱ་འབད་མི་སྡེ་ཚན་༣་ཡོད་མི་ལུ་ འབྱིན་ཡོདཔ་ཨིན་མས།

ན་གཞོན་ཚུ་གིས་སླབ་མི་ནང་ འཕྲུལ་གླང་དེ་སྦེ་གནང་མི་འདི་གིས་ ད་ལས་ཕར་ ཁོང་ཆ་ཁྱབ་ཀྱིས་ སོ་ནམ་གྱི་ལཱ་འབད་ནི་ནང་ སྟབས་བདེ་ཏོག་ཏོ་འགྱོ་ནི་མས་ཟེར་བཤད་ཅི།

པདྨ་དགའ་ཚལ་རྫོང་ཁག་སོ་ནམ་འགོ་དཔོན་ ཀུན་བཟང་ཚེ་རིང་གིས་སླབ་མི་ནང་ འཕྲུལ་གླང་དེ་སྦེ་བཀྲམ་སྤེལ་འབད་མི་འདི་ ངོ་མ་རང་ སོ་ནམ་གྱི་ལཱ་འབད་མི་ ན་གཞོན་མང་སུ་ཐོན་བཅུག་པའི་རེ་བ་ལུ་ཨིན་ཟེར་བཤད་ཅི།

ཨིན་རུང་ ཐབས་ལམ་འདི་ལས་བརྟེན་ཏེ་ ན་གཞོན་ཚུ་གིས་ སོ་ནམ་གྱི་ལཱ་འབད་ནི་ལུ་ སེམས་ཤུགས་སྐྱེད་ནི་གི་དོན་ལས་ དུས་ཚོད་འགོར་ནི་ཨིན་མས།