གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

མཐོ་རིམ་མཐར་འཁྱོལ་མི་ཚུ་གིས་ ཁས་བླངས་ཀྱི་ལཱ་ཚུ་འབད་དོ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡༤ ༢༠༡༧

༉ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ ད་རེས་ནངས་པར་ ཞི་གཡོག་གི་ཆོས་རྒྱུགས་དོན་ལས་བསྒུག་སྟེ་ཡོད་མི་དང་འབྲེལ་ མི་སྡེ་ནང་ལུ་ཕན་པའི་ལཱ་ཚུ་འབད་ནི་གི་དོན་ལས་ སྡེ་ཚན་གཅིག་བཟོ་སྟེ་འདུག

མཐོ་རིམ་སྡེ་ཚན་འདི་གིས་ ཁས་བླངས་ཀྱི་ཐོག་ལས་ འབྱ་གཡུ་རྐྱབ་ནི་ལས་འགོ་བཙུགས་ཏེ་ ཆབ་གསང་ཕྱག་ནི་གི་ལཱ་ཚུ་ཡང་འབད་དོ་ཡོདཔ་ཨིན།

ཕྲལ་ཁམས་ཅིག་ཁར་ ཁོང་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡༨༠་ལྷགཔ་ཅིག་གིས་ ཐིམ་ཕུག་ རྟེན་འབྲེལ་ཐང་གི་ལྟག་གི་འབྱ་ཞིང་ནང་ལུ་ འབྱ་གཡུར་རྐྱབ་ནི་ནང་ ཁས་འབད་ཡི།

དེ་བསྒང་ ཁོང་ཁས་བླངས་པ་ཆ་ཁྱབ་ལུ་ འབྱ་གཡུ་རྐྱབ་ཐངས་འདི་ སོ་ནམ་འཕྲུལ་ཆས་ལས་འཛིན་གྱི་འགོ་དཔོན་ཚུ་གིས་ སྟོན་འབྱིན་ཡི།

ཁས་བླངས་པ་ཚུ་གིས་སླབ་མི་ནང་ ད་རེས་ མཐོ་རིམ་མཇུག་བསྡུཝ་ཅིག་འབད་མི་ཚུ་ ཞི་གཡོག་གི་ཆོས་རྒྱུགས་དོན་ལས་ གྲ་སྒྲིག་འབད་དགོཔ་འདི་མ་གཏོགས་ དེ་མེན་ དུས་ཡུན་མང་ཤོས་ཅིག་རང་ དལཝ་སྦེ་ལུས་དོ་ཡོདཔ་ལས་ འདི་བཟུམ་གྱི་ཁས་བླངས་ཀྱི་ལཱ་ནང་ བརྩོད་ཤུགས་སྐྱེད་དོ་ཟེར་བཤད་ཅི།

ད་རུང་ ཁོང་ཁས་བླངས་པ་བརྒྱ་ལྷགཔ་ཅིག་གིས་ ཐིམ་ཕུག་ ཀུན་གསལ་ཕོ་བྲང་ལུ་ བཀའ་གྱུར་གྱི་ལྗངས་ལུང་གནང་སར་ བུ་ཊཱན་ཊོའི་ལེཌ་ཨོར་ག་ནའི་ཟེ་ཤཱན་ཟེར་མི་ལས་སྡེ་དང་ཅིག་ཁར་ མི་མང་ལུ་ ཆབ་གསང་ལག་ལེན་འཐབ་ནི་དང་ སྤང་ནང་ལས་ཕར་ ཆབ་གསང་ག་ལྷོད་བཏང་ནི་ལས་འཛེམ་དགོ་པའི་སྐོར་ལས་ བསྐུལ་མ་འབད་ནི་ནང་ལུ་ཡང་ ཁས་བླངས་ཚུ་འབད་ཡི།

ཁོང་མཐོ་རིམ་མཐར་འཁྱོལ་མི་ཚུ་ ཞི་གཡོག་གི་ཆོས་རྒྱུགས་ཀྱི་དོན་ལས་གྲ་སྒྲིག་འབད་མི་དང་འབྲེལ་ འདི་བཟུམ་གྱི་མི་སྡེ་གི་ལཱ་ལུ་ འཕྲོ་མཐུད་དེ་རང་ ཁས་བླངས་ཚུ་འབད་ནི་ཨིན་མས།

ད་ལྟོ་ཚུན་ཚད་ མཐོ་རིམ་ཤེས་ཡོན་མཐར་འཁྱོ་ལམི་༤༠༠་ལྷགཔ་ཅིག་གིས་ འདི་བཟུམ་གྱི་ལས་སྣ་ཚུ་གི་དོན་ལུ་ ཁས་བླངས་ཚུ་འབད་དེ་འདུག