གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

ཐིམ་ཕུག་ལུ་ འབྲུག་ཀུན་མཉམ་ཚོགས་པ་གི་ རྫོང་ཁག་ཡིག་ཚང་ཅིག་ འགོ་འབྱེད་འབད་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༩ ༢༠༡༧

༉ འབྲུག་ཀུན་མཉམ་ཚོགས་པ་གིས་ ཐིམ་ཕུག་ལུ་ ཚོགས་པའི་རྫོང་ཁག་ཡིག་ཚང་འདི་ ད་རིས་ རྟ་བབས་ལུ་སྦེ་ འགོ་འབྱེད་འབད་ཡོདཔ་ཨིན།

ཚོགས་པའི་ཡིག་ཚང་འདི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཚོགས་པ་འདི་གི་ ཁས་བླངས་གསལ་བསྒྲགས་དང་ལྟ་བ་ དེ་ལས་ ཚོགས་པ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ ཧ་གོ་ནི་གི་དོན་ལུ་ བརྡ་དོན་གྱི་ལྟེ་བ་གཅིག་སྦེ་འོང་ནི་ཨིན་མས།

ད་རུང་ ཚོགས་པ་འདི་གིས་ ཡིག་ཚང་གི་འགན་ཁུར་འབག་མི་ཚུ་ བསྐོས་བཞག་འབད་དེ་ ཡོངས་འབྲེལ་ ཕེསི་བུཀ་ནང་ལུ་ཡོད་པའི་ ཚོགས་པའི་ཕེཇི་ནང་ ཕན་ཚུན་འབྲེལ་བ་འཐབ་ནིའི་ གྲོས་གནས་ཅིག་ཡང་ འགོ་འབྱེད་འབད་ཡོདཔ་ཨིན།