གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ནམ་མཁའི་སྙིང་པོ་རིན་པོ་ཆེ་གིས་ ཚེ་ཆེན་གླིང་ལྷ་ཁང་གི་ གསེར་ཏོག་གསརཔ་ རབ་གནས།

སྤྱི་ཟླ་༧ པའི་ཚེས་ ༣༡ ༢༠༡༧

༉ བླམ་ ནམ་མཁའི་སྙིང་པོ་རིན་པོ་ཆེ་གིས་ ད་རིས་ ཐིམ་ཕུག་་ལྕང་ཟམ་ཏོག་ལུ་ཡོད་པའི་ ཚེ་ཆེན་གླིང་ལྷ་ཁང་ལུ་ གསེར་ཏོག་གསརཔ་ཕུལ་ཏེ་ཡོད་མི་འདི་ རབ་གནས་མཛད་གནང་ཡི།

ལྷ་ཁང་འདི་ཡང་ སྒེར་གྱི་མི་ངོམ་ཚུ་གིས་ སྤྱི་ལོ་༡༩༨༦ལུ་ བཞེངས་ཡོདཔ་ཨིན་མས།

རབ་གནས་གནང་མི་དང་འབྲེལ་ཏེ་ རིན་པོ་ཆེ་གིས་ འདི་ཁར་འཛོམས་མི་ དད་མོས་ཅན་གྱི་མི་སེར་ཚུ་ལུ་ གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཚེ་དབང་ཡང་གནང་ཡི།