གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

པདྨ་དགའ་ཚལ་ལུ་ ན་གཞོན་བུམོ་སྡེ་ཚན་གཅིག་གིས་ སོ་ནམ་གྱི་ལཱ་འབད་དོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༧ ༢༠༡༧

   ༉ ད་རེས་ནངས་པ་ རྒྱལ་ཁབ་ནང་གི་ ན་གཞོན་མང་ཤོས་ཅིག་གིས་ གོ་སྐབས་ལེགས་ཤོམ་ཚུ་འཚོལ་ཏེ་ ཁྲོམ་ཁ་ལུ་ འོང་དོ་ཡོདཔ་ཨིན།

ཨིན་རུང་ པདྨ་དགའ་ཚལ་ ནོར་བུ་སྒང་རྒེད་འོག་ནང་ལུ་ བུམོ་སྡེ་ཚན་གཅིག་གིས་ གཡུས་ཁ་ལུ་རང་སྡོད་དེ་ སོ་ནམ་གྱི་ལཱ་ཚུ་འབད་བཞིནམ་ལས་ གོ་སྐབས་བཟོ་ནི་གི་ཐག་བཅད་དེ་འདུག

སྡེ་ཚན་འདི་གིས་ ད་རེས་ ནོར་བུ་སྒང་རྒེད་འོག་ནང་ལུ་ ས་གཞི་ཨེ་ཀར་༢་དེ་ཅིག་གླ་ཁར་ལེན་ཏེ་ ལྕང་ལཱ་རྐྱབ་ནི་འགོ་བཙུགས་ཏེ་འདུག

སྡེ་ཚན་འདི་ནང་ལུ་ འཐུས་མི་༧་ཡོད་མི་ག་ར་གིས་ སློབ་རིམ་༡༠་པ་ མཇུག་བསྡུ་ནུག

སྡེ་ཚན་འདི་གིས་ འགོར་ལས་འབད་ གཡུས་ཁ་ལུ་ དེང་སང་གི་ཐབས་ཤེས་ཚུ་བཏོན་དེ་ སོ་ནམ་ས་ཞིང་གི་ལཱ་ཡར་དྲག་བཏང་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་མས།

འདི་བཟུམ་སྦེ་ སྡེ་ཚན་འདི་གིས་ ལྕང་ལཱ་རྐྱབ་ཚར་ཞིནམ་ལས་ ཚོང་འབྲེལ་གྱི་དོན་ལུ་ ཨེ་མ་གི་ལཱ་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་རུང་ ས་ཞིང་ལེགས་ཤོམ་ཅིག་ ག་དེ་སྦེ་ཐོབ་ག་ཟེར་ ཚ་འགྱང་ལང་སྟེ་འདུག

འདི་ལུ་ སྡེ་ཚན་འདི་གིས་ ཨེ་མ་བཙུགས་ནི་གི་དོན་ལས་ ས་ཆ་ངོས་འཛིན་འབད་དེ་ཡོད་པ་ཅིན་ རྫོང་ཁག་སོ་ནམ་ལས་ཚན་གྱིས་ ས་ཆ་གླ་ཁར་ལེན་ནི་ནང་ལུ་ ཆ་རོགས་འབད་འབྱིན་ནི་སྦེ་ སླབ་སྟེ་འདུག

ད་རུང་ སྡེ་ཚན་འདི་ལུ་ ད་རེས་ ལྕང་ལཱ་རྐྱབ་ནི་ནང་ལུ་ཡང་ རྫོང་ཁག་སོ་ནམ་ལས་ཚན་གྱིས་ སོ་ནམ་འཕྲུལ་ཆས་ཚུ་འབྱིན་ཏེ་ རྒྱབ་སྐྱོར་ཚུ་འབད་བྱིན་ཡོདཔ་ཨིན་མས།