གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ན་ཆུང་གཅིག་གིས་ ལམ་སྲོལ་གུ་གཞི་བཞག་སྟེ་ ཀི་དེབ་ཅིག་རྩོམ་བྲིས་འབད་དེ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༦ ༢༠༡༧

༉ ཐིམ་ཕུག་ལུ་ ཕྲལ་ཁམས་ཅིག་ཁར་ སྐྱེས་ལོ་༡༡་ལང་མི་སློབ་ཕྲུག་བུམོ་གཅིག་གིས་རྩོམ་བྲིས་འབད་དེ་ཡོད་མི་ ཀི་དེབ་ ཁ་སྐྱེལ་ཟེར་མི་ཅིག་ གསར་བཏོན་འབད་ཡི།

ཀི་དེབ་འདི་ཡང་ ལུང་བསྟན་ཟམ་པ་འབྲིང་རིམ་སློབ་གྲྭ་བར་མ་ནང་ལས་ སློབ་རིམ་༧་པའི་སློབ་ཕྲུག་ ཡེ་ཤེས་ཚེ་དབྱངས་བཟངམོ་གིས་ རྩོམ་འབྲིས་འབད་འབདཝ་ཅིག་ཨིན་མས།

ཡེ་ཤེས་ཚེ་དབྱངས་བཟངམོ་གིས་སླབ་མི་ནང་ མོ་གི་ཀི་དེབ་ ཁ་སྐྱལ་ཟེར་མི་འདི་ཡང་ དང་ཕུག་ འབྲུག་པའི་ནུབ་ཕྱོགས་ས་གནས་ཚུ་ནང་ལུ་ ཁཝ་གི་ནང་ན་ ཟ་ནི་གི་རིགས་ཚུ་བཙུགས་ཏེ་ ཨང་མགོ་དྲིལ་བཞིནམ་ལས་ ཁྱིམ་ཚང་འབད་སར་སྐྱེལ་ཏེ་ རྩེདམོ་རྩེ་ནི་གི་སྲོལ་ཡོད་མི་གུ་ གཞི་བཞག་སྟེ་ རྩོམ་བྲིས་འབད་དེ་ཡོད་ཟེར་བཤད་ཅི།

ཁཝ་ཨང་མགོ་དྲིལ་ཏེ་ ཁྱིམ་ཚང་ཚུ་ལུ་ ཟ་ནི་གི་རིགས་སྐྱེལ་ནི་གི་ལུགས་སྲོལ་འདི་ཡང་ དེ་བསྒང་ ལོ་གཅིག་གི་ནང་ལུ་ ཁཝ་འགོ་དང་པ་བརྐྱབ་པའི་སྐབས་ལུ་ བརྩི་སྲོལ་ཡོདཔ་ཨིན་མས།

ཡེ་ཤེས་ཚེ་དབྱངས་བཟངམོ་གིས་འབད་བ་ཅིན་ ད་རེས་ནངས་པར་ ཁཝ་དེ་སྦེ་ ཁྱིམ་ཚང་ཚུ་ལུ་སྐྱེལ་ནི་གི་སྲོལ་འདི་ དུས་ཀྱི་འགྱུར་བ་དང་བསྟུན་ ཉམས་འགྱོ་སྟེ་འདུག་ཟེར་ཨིན་མས།

འདི་གིས་འབད་ མོ་གིས་བྲིས་མི་ཀེ་དེབ་འདི་གིས་ ད་རེས་ནངས་པར་ མང་ཤོས་ཅིག་གིས་རང་ མིག་གིས་མ་མཐོང་པར་ཡོད་པའི་ལམ་སྲོལ་འདི་ ཉམས་སྲུང་འབད་ཚུགས་པའི་རེ་བ་བསྐྱེད་དོ་ཟེར་བཤད་ཅི།

ཡེ་ཤེས་ཚེ་དབྱངས་བཟངམོ་གིས་ མོ་རའི་ཀི་དེབ་བཙོང་མི་ནང་ལས་ཐོབ་པའི་མ་དངུལ་ཆ་ཤས་ཅིག་འདི་ བུ་ཊཱན་ཊོའི་ལེཌ་ཨོར་ག་ནའི་ཟེ་ཤཱན་ཟེར་མི་ ལས་སྡེ་ལུ་ བྱིན་ནི་སྦེ་འདུག