གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

པདྨ་དགའ་ཚལ་རྫོང་ཁག་ ནོར་བུ་བསྒང་རྒེད་འོག་ནང་ལུ་ རྡོག་མ་འདི་དངུལ་ཐོག་གཙོ་བོ།

སྤྱི་ཟླ་༧ པའི་ཚེས་ ༡༠ ༢༠༡༧

༉ པདྨ་དགའ་ཚལ་རྫོང་ཁག་ ནོར་བུ་བསྒང་རྒེད་འོག་ བསྟན་འཛིན་ཝ་མ་གཡུས་ཁའི་ མི་སེར་ཚུ་གི་དོན་ལུ་ རྡོག་མ་འདི་ དངུལ་ཐོག་གཙོ་བ་ཅིག་ལུ་ འགྱུར་ཏེ་འདུག

འདི་ཡང་ གཡུས་འདི་ནང་གི་མི་སེར་ཚུ་གིས་ རྡོག་མ་ལས་བརྟེན་ཏེ་ ལོ་རེ་ནང་ འོང་འབབ་དངུལ་ཀྲམ་སྟོང་ཕྲག་༥༠དེ་རེ་ བཟོ་ཚུགས་དོ་ཡོདཔ་ཨིན་མས།

འདི་འབདཝ་ལས་ གཡུས་འདི་ནང་ལུ་ རྡོག་མ་འཛུགས་སྐྱོང་འཐབ་མི་གི་གྱངས་ཁ་འདི་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་སོང་སྟེ་འདུག

གཡུས་འདི་ནང་གི་མི་ཚུ་གིས་སླབ་མི་ནང་ རྡོག་མ་འཛུགས་སྐྱོང་འཐབ་ནི་གི་ལཱ་ འགོ་དང་པ་རང་ ཁྱིམ་ཚང་རྒྱ་གར་ཨཱ་སམ་ལུ་ རྡོག་མ་འདི་ དངུལ་ཐོག་གཙོ་བོ་ཅིག་སྦེ་ མཐོང་པའི་ཤུལ་ལས་ འགོ་བཙུགས་ཅི་ཟེར་བཤད་ཅི།

བསྟན་འཛིན་ཝ་མ་གཡུས་ཚན་ནང་ལུ་ ཁྱིམ་གུང་༣༠ཡོདཔ་ད་ གཡུས་ཚན་འདི་ རྒྱ་གར་ཨཱ་སམ་གི་ སྦོ་ལོགས་ཁར་ཆགས་ཏེ་འདུག

ད་རེས་ གཡུས་ཚན་འདི་ནང་གི་ ཁྱིམ་གུང་པ་རེ་ལུ་ རྡོག་མ་ཤིང་ཉུང་ཤོས་ ༥༠་དེ་རེ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ གཡུས་ཚན་འདི་ནང་ རྡོག་མ་འཛུགས་སྐྱོང་འཐབ་ནི་འདི་ ཡོངས་གྲགས་འགྱོ་མི་དང་འབྲེལ་ རྫོང་ཁག་སོ་ནམ་ལས་ཚན་དང་ རྒེད་འོག་བདག་སྐྱོང་གིས་ རྡོག་མ་གི་ལྕངམ་ཚུ་ བཀྲམ་སྤེལ་འབད་ནི་གི་འཆར་གཞི་འདུག