གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

དགེ་ལེགས་ཕུག་གི་དྲུང་པ་བགྲེསཔ་གིས་ གསར་སྤང་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་ཞུ་སྟེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༧

༉ དགེ་ལེགས་ཕུག་གི་དྲུང་པ་བགྲེསཔ་ པདྨ་དབང་འདུས་ཀྱིས་ གསར་སྤང་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་ཞུ་སྟེ་འདུག

དྲུང་པ་བགྲེསཔ་འདི་ལུ་ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལས་ ལོ་ངོ་༡༥་གི་བཙོན་ཁྲིམས་ཀྱི་འཁྲུན་ཆོད་གནང་སྟེ་ཡོདཔ་ཨིན།

འདི་ཡང་ མ་དངུལ་དང་དབང་ཚད་ལོག་སྤྱོད་དང་ རྫུས་ལཱ་ དེ་ལས་ ནང་སུག་ཚུ་གི་ཐད་ཁར་ ཉེས་ཅན་སྦེ་ཐོན་ཏེ་ཡོདཔ་ཨིན།

འདི་བཟུམ་སྦེ་ ཧེ་མ་ དྲུང་ཁག་འདི་ནང་ལུ་ བདག་སྐྱོང་ལས་རོགསཔ་སྦེ་ལཱ་འབད་མི་ བསོད་ནམས་ནོར་བུ་དང་ ཁག་འབགཔ་ཅིག་ཨིན་མི་ སྟོབས་རྒྱས་དགྲ་འདུལ་གྱིས་ཡང་ གསར་སྤང་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་ཞུ་སྟེ་འདུག

བསོ་ནམས་ནོར་བུ་ལུ་ མ་དངུལ་ལོག་སྤྱོད་དང་རྫུས་ལཱ་ དེ་ལས་ ནང་སུག་དང་ བྱ་ངན་ནང་ལུ་ ཆ་རོགས་འབད་ཡོད་པའི་ཉེས་པ་ཚུ་ལས་བརྟེན་ཏེ་ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་ཀྱི་འདུན་ས་གིས་ བཙན་ཁྲིམས་ལོ་༨་ཀྱི་ འཁྲུན་ཆོད་བཏོན་ཏེ་ཡོདཔ་ཨིན།

འདི་བཟུམ་སྦེ་ སྟོབས་རྒྱས་དགྲ་འདུལ་ལུ་ རྫུས་ལཱ་དང་མགོ་བསྐོར་གྱི་ཉེས་པ་ལས་བརྟེན་ཏེ་ བཙོན་ཁྲིམས་ལོ་ཕྱད་ད་༣་གྱི་འཁྲུན་ཆོད་བཏོན་ཏེ་འདུག