གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ཐིམ་ཕུག་ ལྕང་ཟམ་ཏོག་ལུ་མི་༢༣་ ཚཝ་མགུ་ནད་ཐོབ་སྟེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༧

༉ ཐིམ་ཕུག་ ལྕང་ཟམ་ཏོག་ལུ་ ཆུ་ལས་བརྟེན་པའི་ནད་གཞི་ ཚཝ་མགུ་ནད་ཟེར་མི་འདི་ ཐོན་ཏེ་ཡོདཔ་ཨིན་མས།

གསོ་བའི་ལྷན་ཁག་དང་འཁྲིལ་བ་ཅིན་ ད་ལྟོ་ཚུན་ཚད་ ཚཝ་མགུ་ནད་ཐོབ་མི་ མི་༢༣་གཏན་ཁེལ་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

ཚཝ་མགུ་ནད་ཐོབ་པའི་བསྒང་ལས་ མི་འདི་ཚུ་ མགུ་ཡུག་འཁོར་ནི་དང་ གྱང་ཤུགས་རྐྱབ་ནི་ དེ་ལས་ དྲོད་འབར་རྐྱབ་ནི་དང་ གཟུགས་ན་ནི་ཚུ་འབད་འོང་ཟེར་ཨིན་མས།

འདི་འབདཝ་ལས་ འདི་བཟུམ་གྱི་ནད་རྟགས་ཚུ་སྟོན་པ་ཅིན་ མི་འདི་ཚུ་ དུས་འཕྲོས་ལས་རང་ སྨན་ཁང་ནང་ལུ་ འགྱོ་དགོ་ཟེར་ཨིན་མས།

གནས་ཚུལ་གསར་བཏོན་དང་འཁྲིལ་བ་ཅིན་ ཚཝ་མགུ་ནད་འདི་ ཁྲོམ་སྡེའི་འཐུང་ཆུ་བཀྲམ་སྤེལ་ལས་མེན་པར་ སྒེར་གྱི་འཐུང་ཆུ་བཀྲམ་སྤེལ་ནང་ལས་ ཐོབ་སྟེ་འདུག་ཟེར་བཀོད་ནུག

འདི་གིས་འབད་ ལྕང་ཟམ་ཏོག་གི་ས་སྒོ་ནང་ལུ་སྡོད་མི་ཚུ་གིས་ སྒེར་གྱི་འཐུང་ཆུ་བཀྲམ་སྤེལ་ནང་ལས་ ཆུ་འཐུང་ནི་དང་ བཞེས་སྒོ་ཚུ་འབད་ནི་འདི་ དུས་འཕྲོས་ལས་རང་ བཞག་དགོཔ་སྦེ་ཨིན་མས།

གསོ་བའི་ལྷན་ཁག་གིས་ མི་མང་ལུ་ ནད་གཞི་འདི་ཚུ་མི་ཐོབ་ནི་གི་དོན་ལས་ ཆུ་འདི་ཚུ་ བསྐོལ་ཏེ་འཐུང་དགོཔ་དང་ བཞེས་སྒོ་མ་བཟའ་བའི་ཧེ་མ་དང་ ཆབ་གསང་འབད་བའི་ཤུལ་ལུ་ ལགཔ་འདི་ཚུ་ གླེང་ལེབ་བཏབ་སྟེ་ཁྱུ་དགོཔ་སྦེ་དྲན་གསོ་འབདཝ་ཨིན་མས།

འདི་བཟུམ་སྦེ་ བཙོག་པ་བཞུགས་ཏེ་ཡོད་པའི་ཆུ་གིས་ཁྱུ་སྟེ་ཡོད་མི་ ཚོད་བསྲེ་དང་ཤིང་འབྲས་ཚུ་ཡང་ བཟའ་ནི་དང་ བཞེས་སྒོ་ཚུ་ཡང་ ལེགས་ཤོམ་སྦེ་ གཙོ་སྟེ་བཟའ་དགོཔ་སྦེ་བཤདཔ་ཨིན་མས།