གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་ངོམ་༡༣༧་ལུ་ མི་ཁུངས་ཀྱི་སྐྱིད་སྡུག་གནང་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༧

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ ཐིམ་ཕུག་ བཀྲིས་ཆོས་རྫོང་གི་ཀུན་རས་ནང་ལུ་སྦེ་ མི་ངོམ་༡༣༧་ལུ་ མི་ཁུངས་ཀྱི་སྐྱིད་སྡུག་གནང་ཡི།

ད་རུང་ མི་དབང་མངའ་ཞབས་མཆོག་གིས་ མི་ཁུངས་ཀྱི་སྐྱིད་སྡུག་ཐོབ་མི་ རེ་རེ་བཞིན་དུ་ལུ་ མཇལ་ཕྲད་ཡང་ གནང་ཡོདཔ་ཨིན།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ མི་ཁུངས་ཀྱི་སྐྱིད་སྡུག་ཐོབ་མི་ཚུ་གིས་ རྩ་བ་གསུམ་ལུ་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱད་ཕྱིད་གང་དྲག་ཞུ་ནི་ཨིན་པའི་ ཁས་བླངས་དམ་བཅའ་ཚུ་ཕུལ་ཡི།

མི་དབང་མངའ་ཞབས་མཆོག་ལས་ མི་ཁུངས་ཀྱི་སྐྱིད་སྡུག་ཐོབ་མི་ཚུ་གིས་སླབ་མི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱིད་སྡུག་དེ་སྦེ་གནང་མི་འདི་ལུ་ བཀྲིན་དགའ་འཚོར་སྦོམ་སྦེ་རང་ཡོད་ཟེར་ཨིན་མས།

འདི་འབདཝ་ལས་ ད་ལས་ཕར་རང་འབད་རུང་ རྩ་བ་གསུམ་ལུ་ ཕྱག་ཕྱིན་གང་དྲག་ཞུ་ནི་གི་ཁས་ལེན་ཡོད་ཟེར་བཤད་ཅི།

ད་རེས་ མི་ཁུངས་ཀྱི་སྐྱིད་སྡུག་ཐོབ་སྟེ་ཡོད་མི་ མི་གྲངས་༡༣༨་རྩིཝ་ད་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སྟོང་ཕྲག་༩་ལྷགཔ་ཅིག་ལུ་ མི་ཁུངས་ཀྱི་སྐྱིད་སྡུག་གནང་ཚར་ནུག

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་ཁུངས་ཀྱི་སྐྱིད་སྡུག་གནང་ས་ལུ་ བློན་ཆེན་དང་ ནང་སྲིད་བློན་པོ་ དེ་ལས་ ནང་སྲིད་ལྷན་ཁག་དང་ དྲང་ཁྲིམས་ལྷན་སྡེ་ནང་ལས་ འགོ་དཔོན་ཚུ་གིས་ཡང་ བཅའ་མར་གཏོགས་ཅི།