གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

ན་གཞོན་ལོག་གཡུས་ཁར་འབོ་ནི་གི་གླུ་དེབ།

སྤྱི་ཟླ་༦ པའི་ཚེས་ ༡༣ ༢༠༡༧

༉ པདྨ་དགའ་ཚལ་རྫོང་ཁག་ ཆོས་འཁོར་གླིང་རྒེད་འོག་ནང་ལས་ ན་གཞོན་ཁྲོམ་ཁ་ལས་ཕར་གནས་སྤོ་འགྱོ་སྟེ་ཡོད་མི་ཚུ་ ལོག་གཡུས་ཁར་འབོ་ནི་གི་དོན་ལས་ འཕྲིན་ལས་ནོར་བུ་གླིང་ཚོགས་པ་ཟེར་མི་ གཡུས་ཁའི་མི་སྡེ་ཚན་གཅིག་གིས་ ལོག་ཅོ་ལོག་ཅོ་ཟེར་མི་ གླུ་དེབ་ཅིག་ བཟོ་སྟེ་འདུག

ཞབས་ཁྲ་མ་འདྲཝ་༡༡་ཡོད་མི་ ལོག་ཅོ་ལོག་ཅོ་ཟེར་མི་ གླུ་དེབ་འདི་ཡང་ ཁ་ཙ་ རྒྱལ་ས་ལུ་སྦེ་ གསར་བཏོན་འབད་དེ་ཡོདཔ་ཨིན།

འཕྲིན་ལས་ནོར་བུ་གླིང་ཚོགས་པའི་ཁྲི་འཛིན་ སྐལ་བཟང་བཀྲིས་ཀྱིས་སླབ་མི་ནང་ གླུ་དེབ་འདི་ནང་ལུ་ཡོད་པའི་གླུ་གཞས་ཚུ་གིས་ གྲོང་གསེབ་ཚུ་ནང་ལས་ཕར་ ཉམས་དགའ་ཏོག་ཏོ་ཡོད་པའི་མི་ཚེ་གི་སྐོར་ལས་ གསལ་སྟོན་འབདཝ་ཨིན་ཟེར་བཤད་ཅི།

འདི་ཡང་ ངོ་མ་རང་ ཁྲོམ་ཁ་ལས་ཕར་ ལཱ་གཡོག་འཚོལ་མི་དང་ ལཱ་ཆུང་ཀུ་རེ་འབད་སྡོད་མི་ན་གཞོན་ཚུ་ ལོག་གཡུས་ཁ་ལུ་ འབོ་ནི་གི་དོན་ལས་ཨིན་མས།

ཞབས་ཁྲ་འདི་ ཚིག་རྐང་རེ་འཐེན་ཚརཝ་ད་ར་ ཚང་ལའི་ཚིག་ ལོག་ཅོ་ལོག་ཅོ་ཟེར་མི་འདི་ཐོན་དོ་ཡོདཔ་ད་ འདི་ཡང་ རྫོང་ཁ་ནང་ལུ་འབད་བ་ཅིན་ གཡུས་ཁ་ལུ་ ལོག་ད་ལོག་ད་ཟེར་བའི་ དོན་ཨིན་མས།

ད་རུང་ གླུ་དེབ་འདི་ ཆོས་འཁོར་གླིང་རྒེད་འོག་ནང་ལུ་ཡོད་མི་ གི་རིན་ཧིལ་ཟེར་མི་ མི་སྡེའི་ལས་འགུལ་ལུ་ མ་དངུལ་རྒྱབ་སྐྱོར་འབད་ནི་གི་དོན་ལས་ཡང་ཨིན་མས།

ལས་འགུལ་འདི་གིས་ ཆོས་འཁོར་གླིང་ལུ་ ས་ཆ་ཨེ་ཀར་༦༠་གི་ནང་ལུ་ གེ་ཤེ་ཀེ་བ་བཙུགས་ཡོདཔ་ལས་ ད་ལྟོ་ཚུན་ ལས་འགུལ་འགོ་བཙུགས་ཏེ་ ལོ་མ་ལང་རུང་ འོང་འབབ་དངུལ་ཀྲམ་ སྟོང་ཕྲག་༦༠་དེ་ཅིག་ བཟོ་ཚུགས་ཏེ་འདུག

ཨིན་རུང་ ཞབས་ཁྲ་འདི་དང་འཁྲིལ་ཏེ་ ན་གཞོན་ཚུ་གིས་ ག་དེ་འབད་ གཡུས་ཁ་ལུ་ལོག་འོང་ག་འདི་ སླབ་མི་ཤེས་ནི་ཨིན་མས།