གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

སྒོང་རྡོག་གི་ཚོང་འབྲེལ་ལེགས་ཤོམ་མི་འགྱོ་དོ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༠ ༢༠༡༧

༉ གཞལ་སྒང་ལུ་ བྱ་གསོ་སྐྱོང་གི་ལཱ་འདི་ ཁེ་བསང་ཆེ་བའི་ལཱ་ཅིག་འབད་སྡོད་ཡོདཔ་ཨིན་རུང་ ད་རེས་ནངས་པར་ སྒོང་རྡོག་བཙོང་ཚུགས་པ་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་མས།

འདི་འབདཝ་ལས་ བྱ་གསོ་སྐྱོང་འཐབ་མི་ མི་སེར་སོ་ནམ་པ་ཚུ་ སྒོང་རྡོག་གི་ཚོང་འབྲེལ་ལུ་བལྟ་སྟེ་ ཚ་གྱང་ལང་དགོཔ་ཐོན་ཏེ་འདུག
མི་ཚུ་གིས་སླབ་མི་ནང་ བྱའི་ཟནམ་གི་གོང་ཚད་ཡར་སེང་སོང་སྟེ་ཡོད་རུང་ སྒོང་རྡོག་གི་གོང་ཚད་འདི་ མར་ཕབ་སོང་སྟེ་ཡོད་ཟེར་བཤད་ཅི།

ད་རུང་ ཁོང་གིས་སླབ་མི་ནང་ སྒོང་རྡོག་འདི་ ས་གནས་གཞན་ཁ་ལས་ཡང་ བཙོང་པར་འབག་འོང་དོ་ཡོདཔ་ལས་ ཚོང་འབྲེལ་འཐབ་པ་ལུ་ དོ་འགྲན་སྦོམ་སྦེ་རང་འབྱུང་སྟཻ་ཡོད་ཟེར་ཨིན་མས།

འདི་ལུ་ གཞལ་སྒང་རྫོང་ཁག་སྒོ་ནོར་འགོ་དཔོན་ ཨྱོན་ལྷུན་གྲུབ་ཀྱིས་སླབ་མི་ནང་ ས་གནས་གཞན་ཁ་ལས་ སྒོང་རྡོག་བཙོང་པར་འོང་མི་ཚུ་བཀག་ཆ་འབད་ནི་འདི་ འོས་བབས་རང་མེད་ཟེར་ཨིན་མས།

ཨིན་རུང་ རྫོང་ཁག་སྒོནོར་ལས་ཚན་གྱིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་མཁས་མཆོག་ཚུ་དང་ཅིག་ཁར་ སྒོ་རྡོག་བཙོང་ནི་གི་ཐད་ཁར་ མཉམ་འབྲེལ་འབད་བའི་བསྒང་རང་ཡོདཔ་ལས་ དཀའ་ངལ་འདི་ མགྱོགས་པ་རང་ སེལ་ཚུགས་པའི་རེ་བ་ཡོད་ཟེར་བཤད་ཅི།

གཞུང་སྐྱོང་མཆོག་གྱུར་གྱི་འགན་ཡིག་དང་འཁྲིལ་ཏེ་ གཞལ་སྒང་རྫོང་ཁག་འོག་གི་ རྒེད་འོག་༨་ཀྱི་ནང་ལས་ སྒོང་རྡོག་ཕུད་རྡོག་ས་ཡ་༣་བཏོན་ཚུགས་མི་འདི་ རྫོང་ཁག་གི་གྲུབ་འབྲས་ཅིག་ཨིན་མས།

བེར་ཏི་ལུ་ཡོད་པའི་ མི་སྡེ་གི་བྱ་གསོ་སྐྱོང་སྡེ་ཚན་འདི་ རྫོང་ཁག་འདི་ནང་ལུ་ མཐར་འཁྱོལ་ཅན་གྱི་སྡེ་ཚན་ཅིག་ཨིནམ་ད་ སྡེ་ཚན་འདི་གིས་ བྱ་གསོ་སྐྱོང་གི་ལཱ་འདི་ཡང་ སྤྱི་ལོ་༢༠༡༠་ལས་ འགོ་བཙུགས་ནུག