གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

དགོན་སྤུངས་དང་སྒམ་མུང་གཡུས་ཚན་ནང་ལུ་ འཐུང་ཆུའི་དཀའ་ངལ།

སྤྱི་ཟླ་༦ པའི་ཚེས་ ༡༠ ༢༠༡༧

༉ པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་རྒེད་འོག་ དགོན་སྤུངས་དང་སྒམ་མུང་གཡུས་ཚན་གྱི་ཁྱིམ་གུང་བརྒྱ་ལྷགཔ་ཅིག་ འཐུང་ཆུ་དབོ་པར་ དུས་ཡུན་ཆུ་ཚོད་གཅིག་དེ་ཅིག་གི་རིང་རང་འགྱོ་དགོ་དོ་ཡོདཔ་ལས་ འཐུང་ཆུ་མ་ལང་པའི་དཀའ་ངལ་སྦོམ་སྦེ་རང་ཐོན་ཏེ་འདུག

གཡུས་ཁའི་མི་ཚུ་གིས་སླབ་མི་ནང་ ཁྱིམ་ནང་ལུ་ ལོ་མཆོད་དང་རིམ་འགྲོ་རེ་འབད་བའི་སྐབས་ འཐུང་ཆུ་མ་ལང་པའི་དཀའ་ངལ་འདི་ ཧེང་སྐལ་རང་ ཐོན་མས་ཟེར་བཤད་ཅི།

འདི་འབདཝ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཐུང་ཆུའི་དཀའ་ངལ་འདི་ སེལ་གནང་ཚུགས་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིན་མས།

ཤུ་མར་རྒཔོ་ སངྱས་ཆོས་འཕེལ་གྱིས་སླབ་མི་ནང་ དགོན་སྤུངས་དང་སྒམ་མུང་གཡུས་ཚན་ནང་ལུ་ འཐུང་ཆུ་འདི་ ཟོ་སྦལ་རྒེད་འོག་གི་ ཁཱོན་མ་རི་གི་འཐུང་ཆུའི་ལས་འགུལ་གྱིས་ ཕན་ཐོག་འབྱུང་དགོཔ་ཅིག་འབདཝ་ལས་ འཐུང་ཆུ་བཀྲམ་སྤེལ་གྱི་འཆར་གཞི་ཅིག་ ག་ནི་ཡང་མེད་ཟེར་བཤད་ཅི།

ཨིན་རུང་ ལས་འགུལ་འདི་གིས་ གཡུས་ཚན་འདི་གཉིས་ལུ་ ཕན་ཐོགས་འབྱུང་མ་ཚུགས་པར་ཡོདཔ་ལས་ ལོ་ལྔ་འཆར་གཞི་༡༢་པའི་ལོ་འགོ་བཙུགསཔ་ད་ལུ་ གཙོ་བོར་བསྟེན་ཚུགས་པའི་རེ་བ་ཡོད་ཟེར་ཨིན་མས།

དགོན་སྤུངས་དང་སྒམ་མུང་གཡུས་ཚན་འདི་གཉིས་ཀྱི་ནང་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་འདི་ གནས་སྐབས་ཅིག་སེལ་ནི་གི་དོན་ལས་ རྒེད་འོག་བདག་སྐྱོང་གིས་ རྫོང་ཁག་ལུ་ ཆུ་འབག་མི་སྣུམ་འཁོར་གྱི་ཞུ་བ་འབད་དེ་འདུག

འདི་འབདཝ་ལས་ གཡུས་ཚན་འདི་གཉིས་ཀྱི་མི་སེར་ཚུ་ ཆུ་འབག་མི་སྣུམ་འཁོར་འདི་ལུ་ བསྒུག་སྟཻ་ཡོདཔ་ཨིན་མས།