གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

འབྲུག་རྒྱལ་འཛིན་མེ་ཏོག་གི་འགྲེམ་སྟོན་ཐེངས་༣་པ།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༡༧

༉ འབྲུག་རྒྱལ་འཛིན་མེ་ཏོག་གི་འགྲེམ་སྟོན་ ཐེངས་༣་པ་འདི་ དུས་ཅི་ ཐིམ་ཕུག་དགོངས་རྫོགས་མཆོད་རྟེན་ནང་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མས།

འགྲེམ་སྟོན་འགོ་འདྲེན་འཐབ་མི་ཚུ་གིས་སླབ་མི་ནང་ འགྲེམ་སྟོན་གྱི་དོན་ལུ་ ལཱ་བརྒྱ་ཆ་༩༠་དེ་ཅིག་ མཇུག་བསྡུ་སྟེ་ཡོད་ཟེར་ཨིན་མས།

འགྲེམ་སྟོན་གྱི་སྐབས་ལུ་ འབྲུག་པའི་ སྔོ་ཤིང་དང་ ཤིང་གི་རིགས་ དེ་ལས་ མེ་ཏོག་གི་རིགས་མ་འདྲཝ་ཚུ་ གསལ་བཏོན་འབད་ནི་ཨིན་མས།

དུས་ཅི་གི་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་འདི་ མི་དབང་འབྲུག་རྒྱལ་༣་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ལུ་ གུས་བསྟུད་སྦེ་ འགོ་འདྲེན་འཐབ་ཨིན་མས།

འགྲེམ་སྟོན་འདི་ སྤྱི་ཟླ་༥་པའི་སྤྱི་ཚེས་༥་ལས་༡༡་ཚུན་ དྲོ་པ་ཆུ་ཚོད་༩་ལས་ཕྱི་རུ་ཆུ་ཚོད་༨་ཚུན་ཚོད་ མི་དམངས་ཀྱི་དོན་ལུ་ སྒོ་ཕྱེ་སྟེ་འོང་ནི་ཨིན་མས།

འགྲེམ་སྟོན་འདི་ནང་ལུ་ གཞུང་གི་ཡིག་ཚང་དང་ དམག་སྡེ་ཚུ་གི་མ་ཚད་པར་ སྒེར་གྱི་མེ་ཏོག་འཛུགས་སྐྱོང་གི་ལཱ་འབད་མི་ཚུ་གིས་ཡང་ གྲལ་ཁར་གཏོགས་དོ་ཡོདཔ་ཨིན།

དུས་ཅི་ མེ་ཏོག་གི་ལྡུམ་ར་ཚུ་ རྒྱ་གར་དང་ཐའི་ལེན་ དེ་ལས་ ཇ་པཱན་ལས་ ངོ་ཚབ་ཚུ་གིས་ཡང་བཟོ་སྟེ་ཡོདཔ་ཨིན་མས།

འགྲེམ་སྟོན་འདི་ བདུན་ཕྲག་༡་གི་རིང་ལུ་ཨིནམ་མ་ཚད་ ཕྱི་རུ་ཆུ་ཚོད་༨་ཚུན་ཚོད་ བཞག་ནི་ཨིནམ་ལས་ དངས་འདོད་ཡོད་མི་ག་ར་གིས་ གོ་སྐབས་འཐོབ་ཚུགས་ཟེར་ཨིན་མས།

འགྲེམ་སྟོན་གྱི་སྐབས་ མཆོད་རྟེན་གྱི་ལྟག་ལུ་སྡོད་མི་ཚུ་གི་དོན་ལུ་རྐྱངམ་ཅིག་མ་གཏོགས་ མཆོད་རྟེན་གྱི་མཐའ་འཁོར་ལུ་ འཁོར་ལམ་ཚུ་ བསྡམ་སྟེ་བཞག་ནི་ཨིན་མས།