གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

བུམ་ཐང་ལུ་ ནོ་ཨརཝ་བརྐུ་བའི་དོགསཔ་ལས་བརྟེན་ཏེ་ ཕོ་སྐྱེས་༥་བཟུང་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༧

༉ བུམ་ཐང་གི་ཁྲིམས་སྲུང་འགག་པ་གིས་ འབྲུག་མི་གསུམ་དང་ རྒྱ་གར་གྱི་མི་གཉིས་རྩིས་ཏེ་ ཕོ་རྒས་༥ ནོར་ཨརཝ་བརྐུ་ཡི་རང་བསད་ཡོད་པའི་ དོགས་པ་ལས་བརྟེན་ཏེ་ དོ་དམ་འོག་ལུ་ བཙུགས་བཞག་སྟེ་འདུག

ཁོང་དོགས་པ་ཅན་ཆ་ཁྱབ་ཀྱིས་ འདས་པའི་བདུན་ཕྲག་ནང་ བུམ་ཐང་རྒྱ་ལི་མཁར་ལས་ཨིན་མི་ མི་སེར་སོ་ནམ་པ་གཅིག་གི་ གླང་གཅིག་ ཨརཝ་བརྐུ་སྦེ་ བདའ་འགྱོ་སྟེ་ བསད་ཡོད་པའི་དོགས་པ་ཡོདཔ་ཨིན་མས།

ཁོང་དོགས་པ་ཅན་༥་གི་གྲལ་ལས་༤འདི་ སྟབས་ཅིག་ཁར་བཟུང་ཡོདཔ་ད་ གཞན་མི་གཅིག་འདི་ ས་སྒོ་སོ་སོ་ནང་ལས་བཟུན་ནུག

ཁྲིམས་སྲུང་འགག་པ་དང་འཁྲིལ་བ་ཅིན་ ཁོང་དོགས་པ་ཅན་ཆ་ཁྱབ་ཀྱིས་ འདི་བཟུམ་གྱི་ལཱ་ངན་འདི་ ད་རེས་འབདཝ་ད་ ཚར་བཞི་འབད་ཡི་ཟེར་སླབ་སྟེ་ཡོདཔ་སྦེ་ཨིན་མས།

འབྲུག་སོ་ནམ་དང་ཟ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ གླང་འདི་གི་ཤ་འདི་ འཕྱོག་བཞིནམ་ལས་ བཀོག་ནུག

འདི་གི་ཤུལ་ལས་ དབང་འཛིན་འདི་གིས་ དོགས་པ་ཅན་ཚུ་ལུ་ ཁྲིམས་འགལ་གྱི་ཐོག་ལས་ ནོར་བསད་མི་ལུ་ ཉེས་བྱ་དངུལ་ཀྲམ་ འབུམ་གཅིག་དང་སྟོང་ཕྲག་༣༠་བཀལ་ཡོདཔ་ཨིན་མས།

འདས་པའི་ལོ་ཚུ་ནང་ བུམ་ཐང་ སྟང་དང་ཨུ་རག་ དེ་ལས་ ཆོས་འཁོར་རྒེད་འོག་ཚུ་ནང་ལུ་ ནོར་ལེ་ཤ་ར་བྱང་ཡོད་པའི་ སྙན་ཞུ་ཐོན་ཡོདཔ་ཨིན།

འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཔ་ད་ འདི་བཟུམ་གྱི་ལཱ་འདི་ ཁྲིམས་འགལ་གྱི་ལཱ་ཅིག་འབད་ནི་འདི་གིས་ འདི་གི་ཉེས་ཁྲིམས་འདི་ཡང་ འདི་གི་རིན་གོང་དང་བསྟུན་པའི་ བཙོན་ཁྲིམས་ཕོག་ནི་ཨིན་མས།