གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

དབང་བཙོང་འདོད་སྤྱོད་ཀྱི་འཁྲུན་ཆོད།

སྤྱི་ཟླ་༥ པའི་ཚེས་ ༢༤ ༢༠༡༧

༉ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ མོང་སྒར་ལས་ཨིན་མི་ ཕོ་རྒས་གཅིག་ལུ་ ལོ་༡༦་ལངས་མི་ སློབ་ཕྲུག་བུམོ་གཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ཉེས་པ་ལུ་ བཙོན་ཁྲིམས་ལོ་༩་བཀལ་ནུག

མ་གཞི་གི་ ལོ་༢༡་ལངས་མི་ ཕོ་རྒས་འདི་གིས་ ཁོང་༢་གི་བར་ན་ འདོད་སྤྱོད་འདི་ ཁ་འཆམ་སྟེ་སྦེ་ འབད་འབདཝ་ཨིན་ཟེར་སླབ་ཡོད་རུང་ ཁྲིམས་ལུགས་དང་འཁྲིལཔ་ད་ འདི་ དབང་བཙོང་འདོད་སྤྱོད་ཀྱི་གྲངས་སུ་ཚུདཔ་ཨིན་མས།

འབྲུག་གི་ཉེས་འགལ་ཁྲིམས་དེབ་དང་འཁྲིལཔ་ད་ ལོ་༡༢་ལས་༡༨་གི་བར་ན་འབད་མི་ ཨ་ལོ་དང་ཅིག་ཁར་ འདོད་སྤྱོད་འབད་དེ་ འཐོན་སོང་པ་ཅིན་ ཨ་ལོ་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་གྲངས་སུ་ཚུད་ཟེར་འཁོད་དེ་ཡོདཔ་ཨིན།