གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

གཞལ་སྒང་རྫོང་ཁག་ ངང་ལ་རྒེད་འོག་ནང་ལུ་ ལོ་ཐོག་བསགས་མཛོད་ཁང་འདི་ གཡོག་བཀོལ་མ་ཚུགསཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༧

༉ གཞལ་སྒང་རྫོང་ཁག་ ངང་ལ་རྒེད་འོག་ནང་ལུ་ ལོ་ཐོག་བསགས་མཛོད་ཅིག་ཡོད་མི་འདི་ གཡོག་བཀོལ་མ་ཚུགས་པར་ ཡུདཔ་ཅི་ལོ་༡༠དེ་ཅིག་ལངས་དོ་ཡོདཔ་ཨིན་མས།

གནད་དོན་འདི་ ཞིབ་དཔྱད་འབད་ནིའི་དོན་ལས་ མགྱོགས་པ་རང་ རྫོང་ཁག་སོ་ནམ་ལས་ཚན་ནང་ལས་ འགོ་དཔོན་ཚུ་ རྒེད་འོག་འདི་ནང་ལུ་འགྱོ་ནི་ཨིན་མས།

མི་ཚུ་གིས་ ཧེ་མ་ཚར་གཅིག་ བསོད་ནམས་ཐང་ གཡུས་ཚན་ནང་ལུ་ཡོད་པའི་ ལོ་ཐོག་བསགས་མཛོད་ནང་ལུ་ ལོ་ཐོག་ཚུ་བཞག་ཡོདཔ་ཨིན་རུང་ མེདཔ་ཐལ་དོ་ཡོདཔ་སྦེ་ མཐོང་པའི་ཤུལ་ལས་ ད་རེས་ནངས་པ་ མི་ཚུ་གིས་ མཐུན་རྐྱེན་འདི་ ལག་ལེན་འཐབ་མི་བཏུབ་དོ་ཡོདཔ་ཨིན་མས།

མི་ཚུ་གིས་སླབ་མི་ནང་ ལོ་ཐོག་བསག་མཛོད་ཁང་ནང་ལུ་ ལོ་ཐོག་ཚུ་རུལ་མི་འདི་ཡང་ བསག་མཛོད་ཁང་གི་ ཁྱིམ་ཐོག་གུ་ལས་ ཆརཔ་འཛག་དོ་ཡོདམི་ལུ་བརྟེན་ཨིན་པའི་ དོགས་པ་ཡོད་ཟེར་བཤད་ཅི།

བསོད་ནམས་ཐང་གཡུས་ཁའི་མི་ཚུ་གིས་ ལོ་གཅིག་ནང་ གེ་ཛ་ཚར་༢བསྡུཝ་ཨིན་མས།

ཨིན་རུང་ གཡུས་ཚན་འདི་ནང་ལུ་ གནམ་བྱཱར་གྱི་གེ་ཛ་ བསྡུ་བའི་སྐབས་ བསགས་བཞག་སའི་ས་སྒོ་ མེད་པའི་ གདོང་ལེན་བྱུང་སྟེ་འདུག

གཡུས་ཚན་འདི་ནང་གི་ ལོ་ཐོག་བསགས་མཛོད་ཁང་འདི་ སྤྱི་ལོ་༢༠༠༧ལུ་ སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ རྐྱབ་ཡོདཔ་ཨིན་མས།

བསགས་མཛོད་ཁང་འདི་ནང་ལུ་ གེ་ཛ་ ཀེ་ཇི་ སྟོང་ཕྲག་ཕྱེད་ད་༩་དེ་ཅིག་ ཤོང་ཚུགས་པའི་ས་སྒོ་ཨིན་མས།