གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

དབང་འདུས་ཕོ་བྲང་གི་སྨོན་ལམ་ཆེན་མོ་གྲོལ་གནང་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༨ ༢༠༡༧

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་ལས་ དབང་འདུས་ཕོ་བྲང་གི་སྨོན་ལམ་ཆེན་མོ་གནང་མི་འདི་ ད་རིས་ གྲོལ་གནང་ཡི།

ཉིན་གྲངས་༨་ཀྱི་རིང་གནང་ཡོད་མི་ སྨོན་ལམ་ཆེན་མོ་འདི་ཡང་ ད་རེས་ཟླཝ་གི་སྤྱི་ཚེས་༢༡་ལས་ འགོ་བཙུགས་་ཡོདཔ་ཨིན།

དབང་འདུས་ཕོ་བྲང་གི་སྨོན་ལམ་ཆེན་མོ་འདི་ དུས་ཅི་འགོ་དང་པ་ཨིན་རུང་ ད་ལས་ཕར་  ལོ་བསྟར་བཞིན་གནང་ནི་གི་ལས་རིམ་འདུག

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དུས་ཅི་ ལོ་གསརཔ་ཚེ་པའི་དགའ་སྟོན་འདི་ཡང་ དབང་འདུས་ཕོ་བྲང་ལུ་ དད་ཅན་གྱི་མི་ཚུ་དང་ཅིག་ཁར་ བརྩི་སྲུང་མཛད་གནང་སྟེ་ཡོདཔ་ཨིན།