གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

རྒྱལ་ཡོངས་ནགས་ཚལ་གྱི་རྩིས་དཔྱད་སྙན་ཞུ།

སྤྱི་ཟླ་༢ པའི་ཚེས་ ༨ ༢༠༡༧

༉ འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་དེ་ཡོད་མི་ རྒྱལ་ཡོངས་ནགས་ཚལ་གྱི་རྩིས་དཔྱད་སྙན་ཞུ་དང་འཁྲིལཔ་ད་ འབྲུག་རྒྱལ་ཁབ་ནང་ལུ་ ནགས་ཚལ་གྱི་ཁྱབ་ཚད་འདི་ བརྒྱ་ཆ་༧༡ཡོདཔ་སྦེ་ཨིན་མས།

འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ལུ་འབད་བ་ཅིན་ རྒྱལ་ཁབ་ནང་ལུ་ ནགས་ཚལ་གྱི་ཁྱིབ་ཚད་འདི་ དུས་བརྟག་པར་རྒྱུན་དུ་ བརྒྱ་ཆ་༦༠བཞག་དགོཔ་སྦེ་ཡོདཔ་ཨིན།

སྙན་ཞུ་འདི་ནང་ལུ་ རྫོང་ཁག་སོ་སོ་ཚུ་ནང་གི་ ཤིང་གི་གྲངས་རྩིས་ཡང་ བཀོད་དེ་ཡོདཔ་ལས་ འབྲུག་རྒྱལ་ཁབ་ནང་ལུ་ ཤིང་ས་ཡ་༨༡༦ལྷགཔ་ཅིག་ཡོདཔ་སྦེ་ཨིནམ་དང་ འདི་ཡང་ ཤིང་གི་གྱངས་ཁ་མཐོ་ཤོས་ར་ བཀྲིས་སྒང་རྫོང་ཁག་དང་ ཉུང་ཤོས་ར་ མགར་ས་རྫོང་ཁག་ནང་ལུ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ནགས་ཚལ་གྱི་ཁྱབ་ཚད་ མཐོ་ཤོས་ར་ དར་དཀར་ན་དང་ པདྨ་དགའ་ཚལ་ དེ་ལས་ གཞལམ་སྒང་རྫོང་ཁག་ཚུ་ནང་ལུ་ བརྒྱ་ཆ་༨༣རེ་ཡོདཔ་དང་ ཉུང་ཤོས་ར་ མགར་ས་རྫོང་ཁག་ནང་ལུ་ བརྒྱ་ཆ་༣༦ཡོདཔ་སྦེ་ཨིན་མས།

ཨིན།

ནགས་ཚལ་གཙོ་འཛིན་འགོ་དཔོན་ བློ་བཟང་རྡོ་རྗེ་གིས་སླབ་མི་ནང་ སྙན་ཞུ་འདི་ནང་ལུ་བཀོད་དེ་ཡོད་མི་ བརྡ་དོན་ཚུ་གི་སྦེ་ མཐའ་འཁོར་ཉམས་སྲུང་དང་ སྐྱེས་ལྡན་གཞི་རྩ་ཚུ་རྐྱངམ་ཅིག་མེན་པར་ གོང་འཕེལ་གྱི་ལས་རིམ་ནང་ལུ་ ནགས་ཚལ་གྱི་ འགན་ཁུར་ཚུ་གི་སྐོར་ལས་ ཧ་གོ་ནི་ལུ་ཡང་ ལྷན་ཐབས་བྱུང་འོང་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ད་རེས་ཀྱི་སྙན་ཞུ་བསྡུ་སྒྲིག་འབད་བའི་སྐབས་ འཕྲུལ་རིགས་ཀྱི་རྒྱབ་སྐྱོར་ཚུ་རྐྱངམ་ཅིག་ གྲོགས་རམ་ལས་སྡེ་ཚུ་ནང་ལས་མ་གཏོགས་ གཞན་གནད་བསྡུད་འདི་ཚུ་བསྡུ་ནི་དང་ དབྱེ་དཔྱད་འབད་ནི་ལས་འགོ་བཙུགས་ཏེ་ ག་ར་ འབྲུག་པའི་ནགས་ཚལ་འགོ་དཔོན་ཚུ་གིས་རང་ འབད་དེ་ཡོད་ཟེར་ཨིན་མས།

རྒྱལ་ཡོངས་ནགས་ཚལ་གྱི་རྩིས་དཔྱད་སྙན་ཞུ་འདི་ གྲ་སྒྲིག་གི་དོན་ལས་ སྤྱི་ལོ་༢༠༠༩ལུ་ འགོ་འབྱེད་འབད་ཡོདཔ་ཨིན་རུང་ ལཱ་ངོ་མ་འདི་ སྤྱི་ལོ་༢༠༡༢ལས་རྐྱངམ་ཅིག་ འགོ་བཙུགས་ནུག

ཞིབ་འཚོལ་འདི་གི་དོན་ལས་ ཟད་འགྲོ་ དངུལ་ཀྲམ་ས་ཡ་༡༡༨དེ་ཅིག་གནས་ནུག