གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

སྐྱབས་རྗེ་མཆོག་གིས་ མི་དབང་རྒྱལ་སྲས་མཆོག་གི་འཁྲུངས་སྟོན་འདི་ བསམ་གྲུབ་ལྗོངས་མཁར་ལུ་ བརྩི་སྲུང་མཛད་གནང་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༦ ༢༠༡༧

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ མི་དབང་རྒྱལ་སྲས་མཆོག་དགུང་ལོ་༡་བཞེས་པའི་འཁྲུངས་སྐར་དུས་སྟོན་འདི་ ཁ་ཙ་ བསམ་གྲུབ་ལྗོངས་མཁར་གྱི་མི་སེར་ཚུ་དང་ཅིག་ཁར་ བརྩི་སྲུང་མཛད་གནང་ཡི།

སྐྱབས་རྗེ་མཆོག་གིས་ མི་དབང་རྒྱལ་སྲས་མཆོག་གི་དོན་ལུ་ ཚེ་དཔག་མེད་ལྷ་ཅིག་འབུམ་ཅིག་ཟེར་མི་སྨོན་ལམ་ནང་ལུ་ དབུ་བཞུགས་མཛད་གནང་ཡོདཔ་མ་ཚད་ མཆོད་མེ་ཚུ་ཡང་ ཕུལ་གནང་ཡི།

ད་རུང་ མི་དབང་རྒྱལ་སྲས་མཆོག་གི་དོན་ལུ་ སྐྱབས་རྗེ་ཁོ་ར་གིས་རང་ བརྩམས་གནང་སྟེ་ཡོད་མི་ ཞབས་བརྟན་འདི་ཡང་ ཕུལ་གནང་སྟེ་ཡོདཔ་ཨིན་མས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དུས་སྟོན་བརྩི་སྲུང་ཞུ་ས་ལུ་འཛོམས་མི་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ ཚེ་དབང་ཡང་གནང་ནུག