གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

དུས་མིན་བཙག་འཐུ་གིས་ གཞུང་ལུ་ ཟད་འགྲོ་སྦོམ་སྦེ་ར་གནས་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༤ ༢༠༡༧

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ དྭངས་ཆུ་རྒཔོ་གི་ དུས་མིན་བཙག་འཐུ་བརྩིས་ཏེ་ དུས་མིན་བཙག་འཐུ་ཁག་གསུམ་གྱི་དོན་ལས་ ཟད་འགྲོ་ དངུལ་ཀྲམ་ས་ཡ་༥ལྷགཔ་ཅིག་ གནས་ཏེ་ཡོད་ཟེར་ཨིན་མས།

པདྨ་དགའ་ཚལ་ ན་ནོང་ཤུ་མར་དང་ བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་དོན་ལས་ དུས་མིན་བཙག་འཐུ་འདི་ འགོ་འདྲེན་འཐབ་ཚར་ཏེ་ཡོད་རུང་ དབང་འདུས་ཕོ་བྲང་ དྭངས་ཆུ་རྒཔོ་གི་དོན་ལས་ དུས་མིན་བཙག་འཐུ་འདི་ མགྱོགས་པ་རང་ འགོ་འདྲེན་འཐབ་ནི་སྦེ་ཡོདཔ་ཨིན།

བློན་ཆེན་གྱིས་གསུང་མི་ནང་ ན་ནོང་ཤུ་མར་གྱི་ དུས་མིན་བཙག་འཐུ་དོན་ལས་ ཟད་འགྲོ་ དངུལ་ཀྲམ་འབུམ་༢༥་གནས་ཏེ་ཡོདཔ་མ་ཚད་ བྱང་ཐིམ་ཕུག་གི་དོན་ལས་ཡང་ ཟད་འགྲོ་དེ་སྦེ་རང་ གནས་ཏེ་ཡོད་ཟེར་གསུང་ཡི།

དྭངས་ཆུ་རྒེད་འོག་གི་རྒཔོ་གི་དོན་ལུ་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ ཟད་འགྲོ་དངུལ་ཀྲམ་ འབུམ་ཕྱེད་དང་༣མ་ལངམ་ཅིག་ གནས་ནི་ཨིན་མས།

བློན་ཆེན་གྱིས་གསུང་མི་ནང་ དུས་མིན་བཙག་འཐུ་ཚུ་འགོ་འདྲེན་འཐབ་དགོཔ་ཐོན་པའི་སྐབས་ ཟད་འགྲོ་སྦོམ་སྦེ་ར་གནསཔ་མ་ཚད་ མི་སེར་ཚུ་ལུ་ཡང་ སྟབས་མ་བདེཝ་སྦོམ་སྦེ་ར་བྱུངམ་མས་ཟེར་གསུང་ཡི།