གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

མཁན་པོ་དཀར་པོ་གི་སྐུ་གདུང་འདི་ གཟའ་པ་སངས་ཚུན་ཚོད་ ཐིམ་ཕུག་རྟ་བབས་ལུ་ ཞུགས་ནི་ཨིནམ།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༧

༉ འབྲུག་ཨོ་དྷི་ཡ་ན་གཞི་ཚོགས་ གཞི་བཙུགས་གནང་མི་ མཁན་པོ་དཀར་པོ་གི་སྐུ་གདུང་འདི་ མི་དམངས་གིས་ གུས་བསྟུད་ཕུལ་ནི་དང་ མཇལ་ཁ་ཞུ་ནིའི་དོན་ལུ་ ནངས་ཚེ་ཚུན་ཚོད་ ཐིམ་ཕུག་རྟ་བབས་ལུ་ ཞུགས་ནི་ཨིན་མས།

སྐུ་གདུང་འདི་ ཐའི་ལེན་གྱི་རྒྱལ་ས་ བཱེང་ཀོག་ལས་ གཟའ་སྤེནམ་གྱི་ཚེ་ རྒྱལ་ཁབ་ནང་ལུ་ ཞུ་ཡོདཔ་ཨིན།

མཁན་པོ་འདི་ སྤྱི་ཟླ་འདི་གི་ སྤྱི་ཚེས་༡༩་གི་ཚེ་ དགོངས་པ་རྫོགས་ཡོདཔ་ཨིན།

སྐུར་སྟོད་གཞོང་སྨད་ལས་ དགུང་ལོ་༨༢་བཞེས་ཡོད་མི་ མཁན་པོ་དཀར་པོ་འདི་ སྤྱི་ཟླ་འདི་གི་སྤྱི་ཚེས་༡༩་གི་ཚེ་ དགོངས་པ་རྫོགས་ཡོདཔ་ཨིན།

ཉིམ་༥་གི་རིང་ ཐུགས་དམ་ལུ་ཞུགས་པའི་ཤུལ་ལུ་ མཁན་པོ་དཀར་པོ་གི་སྐུ་གདུང་འདི་ སྤྱི་ཟླ་འདི་གི་སྤྱི་ཚེས་༢༧་གི་ཚེ་ རྒྱལ་ཁབ་ནང་ གདན་འདྲེན་ཞུ་ཡོདཔ་ཨིན།

མཁན་པོ་དཀར་པོའི་སློབ་མ་ མཁན་པོ་རྒྱལ་མཚན་གྱིས་སླབ་མི་ནང་ མཁན་པོ་དཀར་པོའི་སྐུ་གདུང་གི་ སྤུར་སྦྱང་འདི་ སྤྱི་ཟླ་༦་པའི་སྤྱི་ཚེས་༩་གི་ཚེ་ ལྷུན་རྩེ་སྟག་སྐད་ལ་ལུ་སྦེ་ ཕུལ་ནི་ཟེར་ཨིན་མས།

སྤུར་སྦྱང་འདི་ཡང་ རྫོང་གསར་འཇམ་དབྱངས་མཁྱེན་རྩེ་རིན་པོ་ཆེ་གིས་ དབུ་ཞུགས་ཐོག་ སྤྲུལ་སྐུ་དང་རིན་པོ་ཆེ་ དེ་ལས་ མཁན་པོ་ཚུ་གིས་གནང་ནི་ཨིན་མས། སྤྱི་ཟླ་༢་པའི་སྤྱི་ཚེས་༣་གི་ཚེ་ སྐུ་གདུང་འདི་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ལས་བརྒྱུད་དེ་ བཀྲ་ཤིས་སྒང་ལུ་ གདན་འདྲེན་ཞུ་ནི་ཨིན་མས།

དེ་བཟུམ་སྦེ་ སྐུ་གདུང་འདི་ མོང་སྒར་ བཀའ་བསྡམ་དགོན་པ་དང་ མཁན་པོ་ཁོ་རའི་འཁྲུངས་གཡུས་ ལྷུན་རྩེ་ གཞོང་སྨད་ལུ་ སྤེལ་ཕུག་སྒྲུབ་གྲྭ་ནང་ལུ་ཡང་ གདན་འདྲེན་ཞུ་ནི་ཨིན་མས།

མཁན་པོ་གི་སྐུ་གདུང་འདི་ སྤྱི་ཟླ་༢་པའི་སྤྱི་ཚེས་༡༡་གི་ཚེ་ ལྷུན་རྩེ་སྟག་སྐད་ལ་ལུ་ ཨོ་རྒྱན་མདོ་སྔགས་འོད་གསལ་ཆོས་གླིང་ལྷ་ཁང་ནང་ལུ་ ཞུ་ནི་ཨིན་མས།

དེ་ལས་ སྐུ་གདུང་འདི་ སྤྱི་ཟླ་༦་པའི་སྤྱི་ཚེས་༩་གི་ཚེ་ སྤུར་སྦྱང་མ་ཕུལ་ཚུན་ཚོད་ སྟག་སྐད་ལ་ལུ་ཞུགས་ནི་ཨིན་མས།

མཁན་པོ་དཀར་པོ་གིས་ མཛད་ཤུལ་མང་རབས་ཅིག་ ཡོད་པའི་གྲལ་ལས་ གཅིག་འདི་ ལྷུན་རྩེ་སྟག་སྐད་ལ་ལུ་ འཛམ་གླིང་ནང་ལུ་ གུ་རུའི་སྐུ་འདྲ་ མཐོ་ཤོས་བཞེངས་གནང་མི་འདི་ཨིན།