གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

འབྲུག་གི་ཨ་ལོའི་སྤྱི་ཚོགས་ཐེངས་༢་པ་གྲོལ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༦ ༢༠༡༧

༉ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཐེངས་༢་པ་གིས་ ཉིན་གྲངས་གསུམ་གྱི་རིང་ལུ་གྲོས་བསྡུར་འབད་བའི་ཤུལ་ གྲོས་ཆོད་ཁག་༡༧་བཏོན་ཏེ་འདུག

གྲོས་ཆོད་ཚུ་ཡང་ ན་གཞོན་གྱི་གནད་དོན་ལས་འགོ་བཙུགས་ཏེ་ རྒྱལ་ཡོངས་ཤེས་རིག་གི་ལམ་ལུགས་དང་འབྲེལ་བའི་ གནད་དོན་ཚུ་ཨིན་མས།

གྲོས་ཆོད་འདི་ཚུ་གི་གྲལ་ལས་ ཅིག་འདི་ ཞག་སློབ་གྲྭ་ནང་ལུ་སྡོད་མི་སློབ་ཕྲུག་ཚུ་གིས་ ཟླ་རིམ་གྱི་འཐུས་ཡར་སེང་འབད་དགོ་པའི་གྲོས་ཆོད་འདི་ཨིན།

འདི་ཡང་ སློབ་གྲྭ་ལ་ལུ་ཅིག་མཐའ་ཟུར་ལུ་འབདཝ་ལས་ སྐྱེལ་འདྲེན་གྱི་གླ་ཆ་ཚུ་རྩིཝ་ད་ལུ་ ལང་ཚུགས་པར་ལཱ་ཁག་བཏང་ནི་འདི་གིས་ཨིན་མས།

ཨ་ལོའི་ཚོགས་ཁང་གོང་འོག་གཉིས་ཆ་ར་གིས་ འཐུས་ཡར་སེང་འབད་དགོ་པའི་གནད་དོན་འདི་ ཆ་གནས་འབད་དེ་ཡོད་རུང་ ཚོགས་ཁང་གོང་མ་གིས་འབད་བ་ཅིན་ འཐུས་འདི་ བལྟ་རྟོགས་ལེགས་ཤོམ་སྦེ་རང་འབད་བ་ཅིན་ ཡར་སེང་མ་འབད་རུང་ ཨ་ལོ་ཚུ་ལུ་ བཅུད་དང་ལྡན་པའི་བཞེས་སྒོ་ཚུ་ འབྱིན་ཚུགས་ནི་གི་འོས་བབས་འདུག་ཟེར་ཨིན་མས།

རྒྱལ་ཁབ་ནང་ལུ་ ད་རེས་ ཞག་སློབ་གྲྭ་ནང་སྡོད་མི་སློབ་ཕྲུག་ཚུ་གིས་ ཟླ་རིམ་བཞིན་ འཐུས་དངུལ་ཀྲམ་སྟོང་ཕྲག་རེ་ཐོབ་དོ་ཡོདཔ་ད་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གིས་འབད་བ་ཅིན་ ཟླ་རིམ་བཞིན་ འཐུས་དངུལ་ཀྲམ་སྟོང་ཕྲག་ཕྱད་ད་༢་རེ་ཐོབ་ཨིན་མས།

ད་རུང་ སྤྱི་ཚོགས་ལྷན་བཞུགས་འདི་ནང་ལུ་ སློབ་གྲྭ་ལྟེ་བ་མེན་པའི་སློབ་གྲྭ་གཞན་ཚུ་ནང་ལུ་ཡང་ གློག་རིག་ཨིན་ཊར་ནེད་དང་ གཞན་མི་མཐུན་རྐྱེན་ ཡར་དྲག་བཏང་དགོ་པའི་གྲོས་ཆོད་བྱུང་སྟེ་ཡོདཔ་མ་ཚད་ སློབ་གྲྭ་ནང་ལུ་མ་འགྱོ་བར་ཡོད་མི་ཨ་ལོ་ཚུ་ ལོ་ན་ཆུང་ཀུའི་བསྒང་ལས་རང་ གཡོག་བཀོལ་བཞག་དོ་ཡོད་པའི་གནད་དོན་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡི།

འབྲུག་གི་ཨ་ལོའི་སྤྱི་ཚོགས་འདི་གི་གྲོས་ཆོད་ཚུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ འབྲེལ་ཡོད་ལས་སྡེ་ཚུ་ནང་ལུ་ བཏང་ནི་ཨིན་མས།

ཨ་ལོའི་སྤྱི་ཚོགས་ཀྱི་ཚོགས་ཐེངས་༢་པ་མཇུག་བསྡུ་མི་དང་འབྲེལ་ འབྲུག་གི་ཨ་ལོའི་སྤྱི་ཚོགས་ཐེངས་དང་པའི་འཐུས་མི་ཚུ་གི་གནས་ཡུན་འདི་ཡང་ ད་རིས་ ཚངམ་ཨིན་མས།