གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

ཤེས་རིག་ལྷན་ཁག་གིས་ ཨ་ལོ་སྐྱེས་ལོ་ ཕྱད་ད་༦་ལང་མི་ཚུ་ བློ་གསར་སློབ་རིམ་ནང་ བཙུགས་ནི་ཨིནམ།

སྤྱི་ཟླ་༡༢ པའི་ཚེས་ ༣༡ ༢༠༡༦

༉ ཤེས་རིག་ལྷན་ཁག་གིས་ ཨ་ལོ་སྐྱེས་ལོ་ ཕྱད་ད་༦་ལང་སྟེ་ཡོད་མི་ཚུ་ སློབ་གྲྭ་ནང་ལུ་ ཨ་ལོ་གི་ཤོང་ཚད་དང་འཁྲིལ་ཏེ་ བློ་གསར་སློབ་རིམ་ནང་ བཙུགས་བཅུག་ནི་ཨིན་མས།

ཨིན་རུང་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭ་ཚུ་ལུ་ བློ་གསར་སློབ་རིམ་ནང་ ཨ་ལོ་སྐྱེ་ལོ་༦ལང་མི་ཚུ་ བཙུགས་དགོཔ་སྦེ་ཡོད་མི་ ལམ་ལུགས་འདི་ དམ་དམ་སྦེ་རང་ ལག་ལེན་འཐབ་དགོཔ་སྦེ་ སླབ་སྟེ་འདུག

ཤེས་རིག་གི་སྲིད་བྱུས་ལམ་སྟོན་༢༠༡༢ཅན་མ་དང་འཁྲིདཔ་ད་ བློ་གསར་སློབ་རིམ་ནང་ལུ་ ཨ་ལོ་སྐྱེས་ལོ་༦་ལང་མི་ཚུ་ འཛུལ་བཞུགས་འབད་ནི་གི་ ཐོབ་ལམ་ཡོདཔ་སྦེ་བཀོད་དེ་འདུག

ཤེས་རིག་ལྷན་ཁག་ནང་ལས་ ལས་རིམ་འགོ་དཔོན་འོགམ་གིས་སླབ་མི་ནང་ ཨ་ལོ་ཚུ་ བློ་གསར་སློབ་རིམ་ནང་ འཛུལ་བཞུག་འབད་ནི་གི་ལོ་ཚད་༦སྦེ་ བཟོ་མི་འདི་ཡང་ ཞིབ་འཚོལ་གྱི་ རྒྱབ་ཁུངས་དང་འཁྲིལ་ཏེ་ཨིན་ཟེར་བཤད་ཅི།

ཨིན་རུང་ ཨ་ལོ་སློབ་གྲྭ་ནང་བཙུགས་ནི་གི་ལོ་ཚད་ ལོ་ཕྱེད་ད་༦སྦེ་ ཐག་བཅད་མི་འདི་ཡང་ སློབ་གྲྭ་དང་ཕམ་ཚུ་གིས་ ཞུ་བ་འབད་དེ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

འདི་ཡང་ ཨ་ལོ་ ལོ་༥དང་ཟླཝ་༦ལང་མི་ཚུ་ སྐྱེ་ལོ་ཕྱེད་ད་༦ལང་སྟེ་ཡོདཔ་སྦེ་ རྩིས་དོ་ཡོདཔ་ཨིན།

བློ་གསར་སློབ་རིམ་ནང་ འཛུལ་བཞུགས་འབད་ནི་གི་ཐད་ལུ་ སློབ་གྲྭ་ནང་ཨ་ལོ་གི་ཤོང་ཚད་ ལངམ་སྦེ་མེད་པ་ཅིན་ འཛུལ་བཞུགས་ཀྱི་ལོ་ཚད་འདི་ སྐྱེ་ལོ་༦སྦེ་རང་བཞག་ནི་ཨིན་མས།