གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

བུམ་ཐང་ལྕམ་མཁར་ཁྲོམ་ཁ་ལུ་ ད་རུང་རང་ མེ་རྐྱེན་བྱུང་སྟེ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༢༩ ༢༠༡༦

༉ བུམ་ཐང་ལྕམ་མཁར་ཁྲོམ་ཁ་ལུ་ ད་རུང་རང་ ཁ་ཙ་ཕྱི་རུ་ མེ་རྐྱེན་བྱུང་སྟེ་ཡོདཔ་ལས་ ཚོང་ཁང་༢༣་ཡོད་པའི་ཁྱིམ་༦་འཚིགས་ནུག

བུམ་ཐང་ལུ་ ང་བཅས་ཀྱི་གནས་ཚུལ་བསྡུ་ལེན་འབད་མི་ སུར་ཇ་མཱན་ཐ་པ་གིས་སླབ་མི་ནང་ མེ་རྐྱེན་འདི་གིས་ མི་ལུ་ཤི་རྐྱེན་དང་རྨ་སྐྱོན་ཚུ་ ག་ནི་ཡང་མ་བྱུང་རུང་ མི་ཚུ་གི་རྒྱུ་དངོས་མང་ཤོས་ཅིག་རང་ འཚིགས་ཏེ་འདུག་ཟེར་བཤད་ཅི།

Get the Flash Player to see the wordTube Media Player.

མེ་རྐྱེན་འདི་ཡང་ ཁ་ཙ་ཕྱི་རུ་ ཆུ་ཚོད་༨་དང་སྐར་མ་༤༠་དེ་ཅིག་ཁར་བྱུང་པའི་ཤུལ་ ཕྱི་རུ་ཆུ་ཚོད་༡༡་དེ་ཅིག་ཁར་ བསད་ཚུགས་ནུག

ཨིན་རུང་ མེ་རྐྱེན་འདི་ གནད་དོན་ག་ཅི་ལས་བརྟེན་ཏེ་ཤོར་ཡོདཔ་ཨིན་ན་ ད་ལྟོ་ཤེས་མ་ཚུགས་པར་འདུག

བུམ་ཐང་ལྕམ་མཁར་ཁྲོམ་ཁ་ལུ་ ད་རེས་ཀྱི་མེ་རྐྱེན་འདི་རྩིཝ་ད་ལུ་ མེ་རྐྱེན་ཚར་བཞི་བྱུང་སྟེ་ཡོདཔ་ཨིན་མས།