གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

ནང་སྐོར་གཡུས་ཚན་ནང་ལུ་ གུ་ལི་བཙུགས་ནི་གི་ལཱ་འབད་དོ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༧ ༢༠༡༦

avacado-pemagatshel༉ པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་རྒེད་འོག་ ནང་སྐོར་གཡུས་ཚན་ནང་ལུ་ ཚལ་ལུ་གི་ཐོན་ཤུགས་ ལོ་བསྟར་བཞིན་ མར་ཕབ་འགྱོ་མི་གི་ཐད་ཁར་ གཡུས་ཁའི་མི་ཚུ་ ཚ་གྱལ་ལང་དགོཔ་མ་ཐོན་པར་འདུག

འདི་ཡང་ གཡུས་ཚན་འདི་ནང་གི་མི་ཚུ་གིས་ གུ་ལི་བཙུགས་ནི་གི་ལཱ་འབད་དེ་ ལོ་བཞི་དེ་ཅིག་ སོང་སྟེ་ཡོད་ནི་འདི་གིས་ཨིན་མས།avacado-pemagatshel

གཡུས་ཁའི་མི་ཚུ་གིས་སླབ་མི་ནང་ གུ་ལི་འདི་གིས་ གོང་ཚད་ལེགས་ཤོམ་སྦེ་ ཐོབ་དོ་ཡོདཔ་མ་ཚད་ གུ་ལི་གི་རྡོག་མ་དང་འདབ་མ་གཉིས་ ཁ་མདོག་གཅོག་རང་ཐད་ནི་འདི་གིས་ རི་དྭགས་སེམས་ཅན་ཚུ་གིས་ཡང་ གནོདཔ་བཀལ་ནི་མིན་འདུག་ཟེར་བཤད་ཅི།

ད་རུང་ ཁོང་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་རྒྱབ་སྐྱོར་གནང་པ་ཅིན་ གུ་ལི་ཤིང་ཧེང་སྐལ་བཙུགས་ནི་སྦེ་ཡོད་ཟེར་ཨིན་མས།

གུ་ལི་བཙུགས་ནི་ནང་ལུ་ མི་སེར་མང་ཤོས་ཅིག་གིས་རང་ དངས་འདོད་སྐྱེད་དོ་ཡོདཔ་ལས་ ནང་སྐོར་གཡུས་ཚན་གྱི་མི་སེར་སོ་ནམ་པ་ལ་ལུ་ཅིག་གིས་ གུ་ལི་གི་ལྕངམ་བཙུགས་ནི་གི་ལཱ་ཡང་ འབད་ནི་འགོ་བཙུགས་ཏེ་འདུག

གཡུས་ཚན་འདི་ནང་ལུ་ ད་རེས་ གུ་ལི་ལྷམ་པ་མ་འདྲཝ་གསུམ་བཙུགས་ཏེ་ཡོདཔ་ད་ གུ་ལི་འདི་ཚུ་གིས་རྡོག་མ་འདི་ཡང་ དུས་ཚོད་མ་འདྲཝ་ནང་ལུ་ བཏག་དོ་ཡོདཔ་ཨིན་མས།

ནང་སྐོར་གཡུས་ཚན་ནང་ལུ་ གུ་ལི་བཙུགས་ནི་གི་ལས་རིམ་འདི་ཡང་ མོང་སྒར་ལུ་ཡོད་པའི་ སོ་ནམ་ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གིས་ སྤྱི་ལོ་༢༠༡༢་ལུ་ མོ་བཏབ་གི་ཐོག་ལས་ འགོ་འདྲེན་འཐབ་ནུག

ནང་སྐོར་གཡུས་ཚན་ནང་ལུ་ ཁྱིམ་གུང་༨༠་ཡོད་ས་ལས་ ཧ་ལམ་ཕྱད་ཀ་དེ་ཅིག་གིས་རང་ དངུལ་ཐོག་གི་དོན་ལུ་ ཚལ་ལུ་དང་གཅིག་ཁར་ གུ་ལི་བཙུགས་ནི་འགོ་བཙུགས་ཏེ་འདུག