གཟའ་སྤེན་པ། ༢༠༡༧ ཟླ་༡༡ པའི་སྤྱི་ཚེས་༡༧

བུམ་ཐང་ལུ་ བུམོ་གཅིག་ ལོག་སྟེ་རང་ སློབ་གྲྭ་ནང་ལུ་ཤེས་ཡོན་སྦྱང་ནི་གི་གོ་སྐབས་ཐོབ་སྟེ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༧ ༢༠༡༦

opportunitytostudyagain༉ བུམ་ཐང་ ཨུ་ར་སློབ་གྲྭ་ལྟེ་བ་ནང་ལུ་ཡོད་མི་ སློབ་རིམ་༤་པའི་སློབ་ཕྲུག་ སངྱས་ཆོས་འཛོམས་འདི་ དུས་ཅི་ ལོ་ཕྱེད་ཆོས་རྒྱུགས་ཀྱི་ཤུལ་ལས་རྐྱངམ་ཅིག་ སློབ་གྲྭ་འདི་ནང་ལུ་ཆོ་བལྟ་ནི་གི་གོ་སྐབས་ཡོདཔ་ཨིན་རུང་ ཆོས་རྒྱུགས་ནང་ལུ་ སྐུགས་ཚད་བརྒྱ་ཆ་༦༠་ལྷགཔ་ཅིག་ཐོབ་སྟེ་ཡོདཔ་ལས་ ལེགས་ཤོམ་སྦེ་རང་ འབད་ཚུགས་ཏེ་ཡོདཔ་སྦེ་ཨིན་མས།

སྐྱེས་ལོ་༡༢་ལང་མི་སློབ་ཕྲུག་བུམོ་འདི་ དུས་ཅི་སྤྱི་ཟླ་༦པ་ཚུན་ཚོད་ར་ བུམ་ཐང་ལུ་ མོ་རའི་ཨ་ནེ་དང་ཅིག་ཁར་ ཁྱིམ་ནང་ལུ་ལཱ་གཡོག་འབད་མི་དང་ རག་རོག་ཚུ་འཇོམས་མི་ཅིག་འབད་ སློབ་གྲྭ་ནང་ལུ་ འགྱོ་མ་ཚུགས་པར་སྡོད་ནུག

འདི་ཡང་ མོ་ར་ མོང་སྒར་ ཐང་རོང་སློབ་གྲྭ་ཆུང་བ་ནང་ སློབ་རིམ་༣པ་ཚུན་ཚོད་ ཆོ་བལྟ་ཡོདཔ་ཨིན་རུང་ ཕམ་གཉིས་ཀྱིས་ ཟད་འགྲོ་བཏང་མ་ཚུགས་ནི་འདི་གིས་ དུས་ཅི་ལས་ སློབ་གྲྭ་ནང་ལས་ ཐོན་སྡོད་དགོཔ་ཐོན་པའི་ཤུལ་ཨིན་མས།

Get the Flash Player to see the wordTube Media Player.

ཨིན་རུང་ བུམ་ཐང་ལུ་ཡོད་པའི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་ཡིག་ཚང་གིས་ སངྱས་ཆོས་འཛོམས་འདི་ ལོག་སྟེ་ར་ སློབ་གྲྭ་ནང་བཙུགས་ཏེ་འདུག

སངྱས་ཆོས་འཛོམས་ཀྱིས་སླབ་མི་ནང་ མོ་ ལོག་སྟེ་རང་ སློབ་གྲྭ་ནང་འགྱོ་ནི་གི་གོ་སྐབས་ཐོབ་ཏེ་སེམས་དགའ་ཡི་ཟེར་ཨིནམ་མ་ཚད་ སློབ་དཔོན་དང་ཆ་རོགས་ཚུ་གིས་ཡང་ རྒྱབ་སྐྱོར་ག་དེ་དྲག་དྲག་འབདཝ་མས་ཟེར་བཤད་ཅི།

ཨུ་རག་སློབ་གྲྭ་ལྟེ་བའི་དབུ་འཛིན་ ལྷ་དབང་ནོར་བུ་གིས་སླབ་མི་ནང་ སངས་རྒྱས་ཆོས་འཛོམས་ཀྱིས་ སློབ་གྲྭ་ནང་ལུ་ ཟླཝ་༥དེ་ཅིག་ལས་བརྒལ་དཔེ་ཆ་བལྟ་ནི་གི་གོ་སྐབས་མ་ཐོབ་རུང་ དཔེ་ཆ་ནང་ གནམ་མེད་ས་མེད་ལེགས་ཤོམ་འདུག་ཟེར་བཤད་ཅི།

སངས་རྒྱས་ཆོས་འཛོམས་འདི་ ད་རེས་ རྒྱལ་པོའི་སྐྱིད་སྡུག་ཐོབ་མི་ ལྟོ་ཟས་ཀྱི་གྲངས་སུ་ཚུད་དེ་ཡོདཔ་ལས་ ད་ལས་ཕར་ མོ་རའི་ཤེས་ཡོན་འཕྲོ་མཐུད་སྦྱང་ནི་ལུ་ ཚ་གྱལ་ལང་དགོཔ་མེདཔ་ཨིན་མས།