གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

རྒྱལ་ཁབ་༤་གི་བར་ནའི་སྐྱེལ་འདྲེན་གྱི་གན་རྒྱ་འདི་གིས་ གོ་སྐབས་མང་སུ་ཡོད་པའི་ཞུ་བ།

སྤྱི་ཟླ་༡༢ པའི་ཚེས་ ༦ ༢༠༡༦

bbin-will-not-cause-influx-of-vehicles-government-reiterates༉ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ ཁ་ཙ་ གཞུང་གིས་ འབྲུག་དང་བང་ལ་དེཤ་ དེ་ལས་ རྒྱ་གར་དང་བལ་བུ་རྒྱལ་ཁབ་ཚུ་གི་བར་ནའི་ དོ་དང་འགྲུལ་པ་སྐྱེལ་འདྲེན་གྱི་འགན་རྒྱ་ཆ་འཇོག་འབད་མི་འདི་གིས་ འབྲུག་རྒྱལ་ཁབ་ནང་ལུ་ སྣུམ་འཁོར་འོང་མི་གི་གྱངས་ཁ་འདི་ ཡར་སེང་མི་འགྱོ་ཟེར་ཞུ་ཡི།

འདི་ཡང་ སྣུམ་འཁོར་འདི་ཚུ་གི་རྒྱུན་འགྲུལ་དང་གྱངས་ཁ་འདི་ཚུ་ག་ར་ གན་རྒྱ་འདི་གི་གན་འཛིན་དང་འཁྲིལ་ཏེ་ འོང་དགོ་ནི་འདི་གིས་ཨིན་ཟེར་ཞུ་ཡོདཔ་ཨིན།

ཨིན་རུང་ གཞུང་གིས་བཀོད་མི་ནང་ སྐྱེལ་འདྲེན་གྱི་འགན་རྒྱ་འདི་གི་ཐད་ཁར་ མི་སེར་མང་ཤོས་ཅིག་གིས་རང་ གོ་བ་ཕྱི་གྱུར་སྦེ་ ལེན་ཏེ་འདུག་ཟེར་ཨིན་མས།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ཞུ་མི་ནང་ གན་རྒྱ་འདི་གིས་འབད་ འབྲུག་རྒྱལ་ཁབ་ཀྱིས་ ནུས་ཤུགས་ཚུ་ཕྱིར་ཚོང་འཐབ་ཚུགས་ནི་ཨིནམ་མ་ཚད་ འཐུས་མི་རྒྱལ་ཁབ་ཚུ་དང་ཅིག་ཁར་ཡང་ ཚོང་འབྲེལ་ཚུ་ ཡར་དྲག་བཏང་ནི་གི་གོ་སྐབས་ཐོབ་ཟེར་ཨིན་མས།

འགན་རྒྱ་འདི་ རྒྱལ་ཡོངས་ཚོགས་འདུ་གིས་ དུས་ཅི་སྤྱི་ཟླ་༦པའི་ནང་ ཆ་འཇོག་གནང་ཡོདཔ་ཨིན་རུང་ རྒྱལ་ཡོངས་ཚོགས་སྡེ་གི་ཁ་ཐུག་ལས་ ཆ་འཇོག་མ་གནང་པར་ཡོདཔ་ཨིན།

འདི་འབདཝ་ལས་ རྒྱལ་ཡོངས་ཚོགས་འདུ་གིས་ འགན་རྒྱ་འདི་ བཀའ་གྲོས་ཞུ་ནི་གི་དོན་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ཕུལ་ནི་ཨིན་མས།