གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

སློབ་དཔོན་ཚུ་ལུ་ དངུལ་གྱི་ཐོབ་ལམ་ཚུ་ ལེགས་ཤོམ་སྦེ་བཟོ་དགོ་པའི་རྒྱབ་སྣོན།

སྤྱི་ཟླ་༡༡ པའི་ཚེས་ ༢༩ ༢༠༡༦

make-teaching-an-attractive-profession-nc-members༉ རྒྱལ་ཡོངས་ཚོགས་སྡེ་གི་ དམིགས་བསལ་ཤེས་རིག་ཚོགས་ཆུང་གིས་ སློབ་དཔོན་ཚུ་ལུ་ དངུལ་གྱི་ཐོབ་ལམ་འདི་ཚུ་ ལེགས་ཤོམ་སྦེ་བཟོ་དགོཔ་དང་ སློབ་དཔོན་ཚུ་ གཡོག་ནང་བཙུགས་པའི་བསྒང་ལས་རང་ སྡེ་རིམ་མཐོ་སུ་ཅིག་སྦེ་ འབྱིན་དགོ་པའི་སྐོར་ལས་ རྒྱབ་སྣོན་ཕུལ་ཡི།

འདི་ཡང་ རྒྱལ་ཁབ་ནང་གི་སློབ་དཔོན་ཚུ་ལུ་ སེམས་ཤུགས་འབྱིན་ནི་གི་དོན་ལུ་ཨིན་མས།

ཚོགས་ཆུང་འདི་གི་སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་པའི་སློབ་དཔོན་ཚུ་གིས་ སྤྱིར་སྙོམས་ལུ་ ཉིནམ་རེ་ནང་ དུས་ཡུན་ཆུ་ཚོད་༡༠་ལྷགཔ་རེ་ ལཱ་འབད་དོ་ཡོདཔ་སྦེ་ཨིན་མས།

འདི་འབདཝ་ལས་ གཞན་མི་ཞི་གཡོགཔ་ཚུ་དང་ཕྱདཔ་ད་ སློབ་དཔོན་ཚུ་གིས་ ཉིནམ་རེ་ནང་ དུས་ཡུན་ཆུ་ཚོད་ཕྱད་ད་༣་དེ་ཅིག་གི་རྩིས་ ལཱ་ཐེབ་འབད་དོ་ཡོདཔ་སྦེ་ཨིན་མས།

ད་རུང་ ཚོགས་ཆུང་འདི་གི་སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་གི་སློབ་དཔོན་བརྒྱ་ཆ་༦༨་ལྷགཔ་ཅིག་རྐྱངམ་ཅིག་ ཁོང་རའི་ཁྱད་རིག་གི་འགན་ཁུར་འདི་ལུ་ བསམ་རྫོགས་ཏེ་འདུག་ཟེར་ཨིན་མས།

འདི་བཟུམ་སྦེ་ ལོ་བསྟར་བཞིན་ སློབ་དཔོན་༣༠༠་ལྷགཔ་ཅིག་ གཡོག་ནང་ལས་ དགོངས་ཞུ་འབད་དེ་འགྱོ་དོ་ཡོདཔ་སྦེ་ཨིནམ་མ་ཚད་ སློབ་དཔོན་མང་ཤོས་ཅིག་གི་དོན་ལུ་རང་ སློབ་དཔོན་འབད་ནི་འདི་ གདམ་ཁ་ངོ་མ་ཅིག་མེན་པས་ཟེར་ཨིན་མས།

ད་རུང་ ཚོགས་ཆུང་འདི་གིས་ བྲིས་ལྷག་གི་ཤེས་ཡོན་མེན་པའི་ལས་རིམ་ཚུ་གི་དོན་ལུ་ སློབ་སྟོན་པ་ཚུ་ ལོག་སུ་འབད་རང་ བཙུགས་ནི་རྒྱབ་སྣོན་ཡང་ཕུལ་ཡི།

ཨིན་རུང་ རྒྱབ་སྣོན་འདི་ཚུ་གི་ཐད་ཁར་ ལོག་སྟེ་རང་ གྲོས་བསྟུན་ཚུ་འབད་ནི་ཨིན་མས།

རྒྱལ་ཁབ་ནང་ལུ་ ད་རེས་ སློབ་དཔོན་སྟོང་ཕྲག་༨་ལྷགཔ་ཅིག