གཟའ་སྤེན་པ། ༢༠༡༧ ཟླ་༡༡ པའི་སྤྱི་ཚེས་༡༧

གེ་ཛ་སིབ་བརྡུང་ནི་གི་འཕྲུལ་ཆས་འདི་གིས་ གཡུས་ཁའི་མི་ག་ར་ལུ་ ཕན་ཐོག་འབྱུང་སྟེ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༨ ༢༠༡༦

beatenmaize-machine༉ པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་རྒེད་འོག་ནང་ལུ་ མི་སེར་སོ་ནམ་པ་ཨམ་སྲུ་གཅིག་གིས་ གེ་ཛ་སིབ་བརྡུང་ནི་གི་འཕྲུལ་ཆས་གཅིག་ ཐོབ་སྟེ་ཡོད་མི་འདི་གིས་ མོ་ར་མ་ཚད་པར་ གཡུས་ཁའི་མི་ག་ར་ལུ་ ཕན་ཐོག་འབྱུང་སྟེ་འདུག

མི་སེར་སོ་ནམ་པ་འདི་གིས་ འཕྲུལ་ཆས་འདི་ཡང་ སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་ལས་ཐོབ་ཡོདཔ་ད་ འདི་ཡང་ སོ་ནམ་གྱི་ལཱ་ལུ་ བརྩོན་ཤུགས་སྐྱེད་དེ་འབད་བའི་ ངོས་ལེན་བཟུམ་ཅིག་སྦེ་ཨིན་མས།

མི་ཚུ་གིས་སླབ་མི་ནང་ གེ་ཛ་སིབ་འདི་ ཁོང་ཆ་ཁྱབ་ཀྱི་དོན་ལུ་ འོང་འབབ་གཙོ་བོ་ཅིག་འབད་རུང་ ཧེ་མ་འཕྲུལ་ཆས་མེད་པའི་སྐབས་ ལགཔ་གིས་བརྡུང་དགོ་ནི་འདི་གིས་ ཚོང་འབྲེལ་གྱི་དོན་ལས་ སིབ་དེ་ཅིག་རང་ བརྡུང་མི་ཚུགས་ཟེར་ཨིན་མ་ཚད་ དཀའཝ་ཡང་ སྦོམ་སྦེ་རང་སྤྱོད་དགོ་ཟེར་བཤད་ཅི།beatenmaize-machine

ཨིན་རུང་ ད་རེས་ འཕྲུལ་ཆས་འདི་གིས་འབད་ གེ་ཛ་རང་ཡོད་པ་ཅིན་ སིབ་བརྡུང་ནི་འདི་ སྟབས་བདེ་ཏོག་ཏོ་ཅིག་ལུ་ འགྱུར་ཏེ་ཡོདཔ་སྦེ་ཨིན་མས།

མི་སེར་ཚུ་གིས་ འཕྲུལ་ཆས་འདི་ གཡོག་བཀལ་ཏེ་ གེ་རྫ་ ཀེ་ཇི་ཕྱེད་དང་གཉིས་དེ་ཅིག་བརྡུང་པའི་སྐབས་ གླ་དངུལ་ཀྲམ་༡༠རེ་ སྤྲོད་དགོ་དོ་ཡོདཔ་ཨིན་མས།

པདྨ་དགའ་ཚལ་ལུ་ ང་བཅས་ཀྱི་གནས་ཚུལ་བསྡུ་ལེན་འབད་མི་ ཕྲིན་ལས་རྡོ་རྗེ་གིས་སླབ་མི་ནང་ གྲོང་གསེབ་མཐའ་ཟུར་ས་གནས་ཚུ་ནང་ལུ་ མཐའ་ན་ སིབ་བརྡུང་ནི་གི་ འཕྲུལ་ཆས་ཅིག་གིས་ཡང་ མི་སེར་ཚུ་གི་ མི་ཚེ་གནས་སྟངས་འདི་ལུ་ འགྱུར་བ་སྦོམ་སྦེ་ར་འབག་འོང་ཚུགས་ཏེ་འདུག་ཟེར་བཤད་ཅི།