གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ཕར་ ན་གཞོན་འཛུལ་མི་གི་གྱངས་ཁ་ཡར་སེང་།

སྤྱི་ཟླ་༡༡ པའི་ཚེས་ ༢༨ ༢༠༡༦

chumeytti-moreyouth༉ བུམ་ཐང་ཆུ་སྨད་ལུ་ཡོད་པའི་ སྦྱོང་བརྡར་སྤེལ་ཁང་ནང་ སྤྱི་ལོ་༢༠༡༡་ལུ་ སྦྱོང་བརྡར་འབད་མི་༢༩་ལས་བརྒལ་མེད་ས་ལས་ ད་རེས་ གྱངས་ཁ་འདི་༢༠༠་དེ་ཅིག་ལུ་ ཡར་སེང་སོང་སྟེ་འདུག

འདི་འབདཝ་ལས་ ཧེ་མ་དང་ཕྱེདཔ་ད་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ཁོང་རའི་ མི་ཚེ་ནང་ལུ་ འཕྲུལ་རིག་གི་རིག་རྩལ་དགོཔ་ཁག་ཆེ་བའི་སྐོར་ལས་ ཧ་གོ་མི་ མང་སུ་སྦེ་འཐོན་དོ་ཡོདཔ་ཨིན་མས།

chumeytti-moreyouthཆུ་སྨད་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་འདི་གི་དབུ་འཛིན་ སངྱས་རྡོ་རྗེ་གིས་སླབ་མི་ནང་ ཧེ་མ་ སྤེལ་ཁང་འགོ་བཙུགས་པའི་སྐབས་ སྦྱོང་བརྡར་འབད་མི་ཚུ་ འོང་བཅུག་ནིའི་དོན་ལུ་ རྫོང་ཁག་དང་ རྒེད་འོག་ཚུ་ནང་ལས་ཕར་འགྱོ་ཞིནམ་ལས་ ན་གཞོན་ཚུ་ལུ་ བརྡ་སྤྲོད་འབད་དགོཔ་འཐོན་ཡི་ཟེར་བཤད་ཅི།

ཨིན་རུང་ ད་རེས་ སྤེལ་ཁང་འདི་ནང་ལས་ མཐར་འཁྱོལ་བཞིནམ་ལས་ ལཱ་གཡོག་གི་གོ་སྐབས་ཡོད་མི་གི་སྐོར་ལས་ ན་གཞོན་མང་ཤོས་ཅིག་གིས་རང་ཧ་གོ་སྟེ་ཡོདཔ་ལས་ ལོ་བསྟར་བཞིན་ ཞུ་ཡིག་བཙུགས་མི་ཡང་ ལེ་ཤཱ་སྦེ་རང་འཐོན་དོ་ཟེར་ཨིན་མས།

ཆུ་སྨད་འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་འདི་ནང་ལུ་ འདས་པའི་ལོ་༥་གི་ནང་ལུ་ སྦྱོང་བརྡར་འབད་མི་གི་གྱངས་ཁ་འདི་ ལེ་ཤཱ་གིས་ ཡར་སེང་སོང་སྟེ་འདུག

སྦྱོང་བརྡར་འབད་མི་ཚུ་གིས་རང་འབད་རུང་ ཁོང་ཆ་ཁྱབ་ སྤེལ་ཁང་འདི་ནང་ལུ་འཛུལ་མི་འདི་ སྤེལ་ཁང་འདི་ནང་ལས་ སྦྱོང་བརྡར་མཐར་ཁྱོལ་ཞིནམ་ལས་ ལཱ་གཡོག་གི་གོ་སྐབས་ ལེ་ཤཱ་ཡོད་མི་ལུ་བརྟེན་ཨིན་ཟེར་བཤད་ཅི།

སྤྱི་ལོ་༢༠༠༦་ལུ་གཞི་བཙུགས་འབད་དེ་ཡོད་མི་ སྤེལ་ཁང་འདི་གིས་ ད་ལྟོ་ཚུན་ཚོད་ མི་༧༠༠་དེ་ཅིག་ལུ་ འཕྲུལ་རིག་གི་སྦྱོང་བརྡར་ཚུ་བྱིན་ནུག

སྤེལ་ཁང་འདི་གིས་ ཤིང་བཟོ་དང་ རྡོ་བཟོ་ ལྕགས་འཐུད་ནི་དང་ ཆུ་གདུང་འཐུད་ནི་ཚུ་ནང་ལུ་ ལོ་ངོ་༢་གི་ སྦྱོང་བརྡར་ཚུ་བྱིནམ་ཨིན་མས།