གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

ཁྲོམ་སྡེ་བཙག་འཐུ་དང་འབྲེལ་བའི་དྲི་བ།

སྤྱི་ཟླ་༡༡ པའི་ཚེས་ ༢༦ ༢༠༡༦

opposition-asks-for-alternative-for-those-who-resigned-to-contest-thromde-elections༉ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ ཁ་ཙ་ ལྡོག་ཕྱོགས་ཀྱི་འཐུས་མི་ཚུ་གིས་ ཁྲོམ་སྡེའི་བཙག་འཐུ་ཕར་ཕུད་རྐྱབ་སྟེ་ཡོད་མི་གི་དོན་ལས་ དགོངས་ཞུ་འབད་དེ་ཡོད་མི་ཚུ་གི་ཐད་ཁ་ལུ་ གཞུང་གི་ཁ་ཐུག་ལས་ ག་ཅི་འབད་ནི་གི་འཆར་གཞི་ཡོདཔ་སྦེ་ཞུ་ཡི།

འདི་ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ཞུ་མི་ནང་ དམངས་གཙོའི་ནང་ལུ་བཅའ་མར་གཏོགས་ནི་གི་དོན་ལས་ བཙག་འཐུ་འདི་གི་དོན་ལུ་ དགོངས་ཞུ་འབད་དེ་ཡོད་མི་ཚུ་ལུ་ ངལ་རང་ཡོད་ཟེར་ཨིན་རུང་ ཁོང་ཆ་ཁྱབ་ ག་གིས་ཡང་ དགོངས་ཞུ་འབད་དགོཔ་སྦེ་ སླབ་སླབ་མི་འོང་ཟེར་ཨིན་མས།

ད་རུང་ བློན་པོ་གིས་འབད་བ་ཅིན་ དམངས་གཙོའི་རིང་ལུགས་གསརཔ་ འགོ་བཙུགས་པའི་ནམ་དུས་ལུ་ སྟབས་མ་བདེཝ་ཡང་ ཨ་ཙི་རེ་ཐོན་སྲིད་ཟེར་ཨིན་མས།

དུས་ཅི་ སྤྱི་ཟླ་༨་པའི་ནང་ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་ས་གིས་ བཙག་འཐུ་ལྷན་ཚོགས་ལུ་ རྫོང་ཁག་༡༦་གི་ནང་ལུ་ཁྲོམ་སྡེའི་བཙག་འཐུ་འགོ་འདྲེན་འཐབ་ནི་འདི་ ཕར་ཕུད་རྐྱབ་དགོ་པའི་བཀའ་ཡིག་ཅིག་ གནང་སྟེ་ཡོདཔ་ཨིན།

འདི་ཡང་ རྩ་ཁྲིམས་ཆེན་མོ་ནང་ ཁྲོམ་སྡེ་ཚོགས་སྡེ་ནང་ལུ་ ཁྲོམ་དཔོན་མ་རྩིས་བར་ འཐུས་མི་ཉུང་ཤོས་རང་༧་འོང་དགོཔ་སྦེ་ཡོད་རུང་ ས་གནས་གཞུང་གི་བཅའ་ཁྲིམས་ནང་ལུ་ ཁྲོམ་དཔོན་རྩིས་ཏེ་ འཐུས་མི་ཉུང་ཤོས་༧་འོང་དགོ་ཟེར་བའི་དགོངས་དོན་གཉིསཔ་འདི་ རྟགས་མ་མཐུན་པར་ཡོད་ནི་འདི་གིས་ཨིན་མས།

ཁྲོམ་སྡེ་བཙག་འཐུ་འདི་ ནམ་འགོ་འདྲེན་འཐབ་ནི་ཨིན་ན་ ད་ལྟོའི་བར་ན་ཡང་ གཏན་གཏན་ཅིག་མེདཔ་ཨིན་མས།