གཟའ་ཟླ་བ། ༢༠༡༨ ཟླ་༦ པའི་སྤྱི་ཚེས་༢༤

ཧེ་ལི་ཀོབ་ཀྲར་གྱིས་ ལུ་ན་ན་མི་སེར་ཚུ་ལུ་ ཕན་ཐོག་བྱུང་དོ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༢ ༢༠༡༦

helicopter-service-benefits-people-of-lunana༉ མགར་ས་རྫོང་ཁག་ ལུ་ན་ན་རྒེད་འོག་གི་མི་སེར་ཚུ་ལུ་ འབྲུག་གནམ་གྲུ་ཧེ་ལི་ཀོབ་ཀྲར་གྱི་ ཞབས་ཏོག་ལས་བརྟེན་ ཕན་ཐོག་བྱུང་སྟེ་འདུག

འདི་ཡང་ ལུང་ན་ན་གི་མི་སེར་ཚུ་གིས་ སྤུ་ན་ཁ་ལས་ སྐྱ་རྣམ་གྱི་རིག་ཚུ་ ཁོང་རའི་གཡུས་ཁ་ལུ་ སྐྱེལ་འདྲེན་འཐབ་ནི་གི་དོན་ལས་ གནམ་གྲུ་གི་ཞབས་ཏོག་ ལེན་དོ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།      ་ ད་རུང་ འབྲུག་གནམ་གྲུ་ཧེ་ལི་ཀོབ་ཀྲར་གྱི་ཞབས་ཏོག་ལས་བརྟེན་ དུས་ཅི་ ལུང་ནག་ན་གི་སློབ་གྲྭ་འདི་ཡང་ དུས་ཚོད་ཁར་ འགོ་བཙུགས་ཚུགས་ཏེ་འདུག

འདི་ཡང་ སློབ་དཔོན་དང་ ཁག་ཆེ་བའི་ཅ་ཆས་ཚུ་ གནམ་གྲུ་ཧེ་ལི་ཀོབ་ཀྲར་ནང་ བསྐྱེལ་མི་ལུ་བརྟེན་ཏེ་ཨིན་མས།

Get the Flash Player to see the wordTube Media Player.

འབྲུག་གནམ་གྲུ་ཧེ་ལི་ཀོབ་ཀྲར་གྱི་ཞབས་ཏོག་ལས་སྡེ་དང་འཁྲིདཔ་ད་ གནམ་གྲུ་གི་ཞབས་ཏོག་ལེན་མི་ མང་ཤོས་ཅིག་རང་ ལུང་ནག་ན་གི་ མི་ཚུ་འོང་མས་ཟེར་བཤད་ཅི།

འདི་ཡང་ དུས་ཅི་ ད་ལྟོ་ཚུན་ཚད་རང་ ལུང་ནག་ན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཀྲར་ ཚར་༤༠དེ་ཅིག་ འཕུར་འགྲུལ་འབད་ནུག

ལུང་ན་ན་ལུ་ གནམ་གྲུ་ནང་ དུས་ཡུན་ཆུ་ཚོད་༡་གི་རིང་ འཕུར་འགྲུལ་འབད་བའི་སྐབས་ གླ་འཐུས་དངུལ་ཀྲམ་སྟོང་ཕྲག་༦༥ལྷགཔ་ཅིག་ ལེན་དོ་ཡོདཔ་ལས་ གོང་ཚད་ཕབ་ཆ་གི་ཐོག་ལས་ཨིན་མས།

ནང་འཁོད་གཞུང་འབྲེལ་གྱི་དོན་ལུ་འབད་བ་ཅིན་ གནམ་གྲུ་འདི་ དུས་ཡུན་ཆུ་ཚོད་༡གི་རིང་ལུ་ འཕུར་འགྲུལ་འབད་བའི་སྐབས་ དངུལ་ཀྲམ་འབུམ་༡་དང་སྟོང་ཕྲག་༨༡ཕོག་དོ་ཡོདཔ་ད་ བལྟ་བཤལཔ་ཚུ་ལུ་འབད་བ་ཅིན་ དུས་ཡུན་ཆུ་ཚོད་༡་ལུ་ དངུལ་ཀྲམ་འབུམ་༣དང་སྟོང་ཕྲག་༥༠ ཕོག་དོ་ཡོདཔ་ཨིན།

ལུང་ན་ན་འདི་ ས་ཁ་མཐོ་ས་ལུ་ཆགས་ཏེ་ཡོདཔ་ལས་ གནམ་དགུན་ ཟླཝ་༥དེ་ཅིག་གི་རིང་ ས་གནས་གཞན་ཚུ་དང་ འབྲེལ་བ་འཐབ་མ་ཚུགས་པར་ ལུས་དོ་ཡོདཔ་ཨིན།