གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

རུ་པི་༥༠༠ལོར་དང་སྟོང་ལོར་ཚུ་ ད་རེས་ཟླཝ་གི་སྤྱི་ཚེས་༣༠་ཚུན་སོར་དགོ་ནི།

སྤྱི་ཟླ་༡༡ པའི་ཚེས་ ༡༦ ༢༠༡༦

deadline-to-exchange-rs-1000-and-500-notes-shortened༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱ་གར་གྱི་དངུལ་ རུ་པི་༥༠༠ལོར་དང་སྟོང་ལོར་འདི་ཚུ་ དངུལ་ཁང་ནང་བཙུགས་ནི་དང་ སོར་ནི་གི་ཚེས་གྲངས་འདི་ སྤྱི་ཟླ་༡༢པའི་སྤྱི་ཚེས་༡༥ཚུན་ཚོད་མེན་པར་ སྤྱི་ཟླ་༡༡པའི་སྤྱི་ཚེས་༣༠་ཚུན་ཚོད་སྦེ་ བཟོ་སྟེ་འདུག

དབང་འཛིན་གྱི་ཁ་ཐུག་ལས་ དེ་སྦེ་ འགྱུར་བཅོས་འབད་ཡོད་པའི་གསལ་བསྒྲགས་འདི་ཡང་ ཁ་ཉིནམ་ འབད་དེ་ཡོདཔ་ཨིན།

འདི་འབདཝ་ལས་ མི་ཚུ་གིས་ རུ་པི་༥༠༠ལོར་དང་སྟོང་ལོར་འདི་ཚུ་ དངུལ་ཁང་ནང་བཙུགས་ནི་དང་སོར་ནི་གི་དོན་ལས་ ད་ལས་ཕར་ བདུན་ཕྲག་༢དེ་ཅིག་ལས་བརྒལ་མེདཔ་ཨིན།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲག་ཤོས་དཔལ་འབྱོར་གྱིས་གསུང་མི་ནང་ རུ་པི་༥༠༠ལོར་དང་སྟོང་ལོར་འདི་ཚུ་ བཙུགས་ནི་དང་སོར་ནི་གི་དུས་ཚོད་འཐུང་ཀུ་བཟོ་མི་འདི་ཡང་ ངོ་མ་རང་ རུ་པི་བསྡུ་ཚར་མི་ཚུ་ རྒྱ་གར་གྱི་རི་སརཔ་བེང་ནང་ སྤྱི་ཟླ་༡༢་པའི་སྤྱི་ཚེས་༣༡་གི་ནང་འཁོད་ བཏང་དགོ་ནི་འདི་གིས་ཨིན་ཟེར་གསུང་ཡི།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ད་རེས་ཚུན་ཚོད་ཀྱི་བར་ན་ རུ་པི་༥༠༠ལོར་དང་སྟོང་ལོར་འབད་མི་ ས་ཡ་༥༠༠དེ་ཅིག་ བསྡུ་ཚུགས་ཏེ་འདུག

འདི་བཟུམ་སྦེ་ དབང་འཛིན་འདི་གིས་ རུ་པི་བརྒྱ་ལོར་འབད་མི་ ས་ཡ་༡༧་དེ་ཅིག་སྤྲོད་ཚར་ཏེ་ཡོདཔ་ཨིན་རུང་  གསོག་འཇོག་ནང་ལུ་ ད་རུང་རང་ རུ་པི་ས་ཡ་༢༨དེ་ཅིག་ཡོདཔ་ཨིན་མས།

རུ་པི་༥༠༠་ལོར་དང་སྟོང་ལོར་འདི་ཚུ་ སོར་དགོ་མི་དང་དངུལ་ཁང་ནང་ལུ་བཙུགས་དགོ་པའི་གནད་དོན་འདི་ཡང་ རྒྱ་གར་གཞུང་གིས་ འདས་པའི་བདུན་ཕྲག་ནང་ རུ་པི་༥༠༠ལོར་དང་སྟོང་ལོར་འདི་ཚུ་ ལག་ལེན་འཐབ་ནི་མེདཔ་སྦེ་བཟོ་བའི་ཤུལ་ཐོན་ཏེ་ཡོདཔ་ཨིན།