གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

བཟོ་བསྐྲུན་གོང་འཕེལ་ལས་འཛིན་གྱིས་ ད་རེས་འགོ་དང་པ་ གློག་མེ་ལས་འགུལ་བཟོ་བསྐྲུན་འབད་ནི་གི་ལཱ་འབད་ནི་འགོ་བཙུགས་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༦

cdcl-ventures-into-hydropower༉ བཟོ་བསྐྲུན་གོང་འཕེལ་ལས་འཛིན་འདི་ ད་རེས་ རྒྱལ་ཁབ་ནང་ལུ་ གློག་མེ་ལས་འགུལ་བཟོ་བསྐྲུན་འབད་ནི་གི་ལཱ་འབད་ནི་འགོ་བཙུགས་མི་ ལས་སྡེ་འགོ་དང་པ་ཅིག་ཨིན་མས།

ལས་སྡེ་འདི་གིས་ ད་རེས་ནངས་པར་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་གྱི་ས་གནས་ཁག་གསུམ་གྱི་ནང་ལུ་ གཉེར་ར་ཨ་མ་རི་གློག་མེ་ལས་འགུལ་གྱི་ ལས་འགུལ་ཁ་གསལ་སྙན་ཞུ་གི་དོན་ལས་ ལཱ་ཚུ་འབད་བའི་བསྒང་རང་འདུག

ལས་འགུལ་འདི་གི་ས་སྒོ་ཁག་གསུམ་འདི་ཡང་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་འོག་གི་ ཁྲིམས་ཤིང་དང་སྒོམ་དར་ དེ་ལས་ མར་ཚ་ལ་ཚུ་ནང་ལུ་ཨིན་མས།

ཁྲིམས་ཤིང་ལུ་ གློག་མེ་ལས་འགུལ་བཟོ་བསྐྲུན་གྱི་འོས་བབས་དོན་ལས་ ས་འོག་ལམ་མི་ཀྲར་༦༠་འབད་མི་ཅིག་ བཏོན་ཚར་ཏེ་འདུག

འདི་བཟུམ་སྦེ་ ལས་སྡེ་འདི་གིས་ མར་ཚ་ལ་ལུ་ འདས་པའི་བདུན་ཕྲག་ནང་ ས་འོག་ལམ་བཏོན་ནི་གི་ལཱ་འགོ་བཙུགས་ཏེ་ཡོདཔ་ཨིན་མས།

བཟོ་བསྐྲུན་གོང་འཕེལ་ལས་འཛིན་གྱིས་ ད་རེས་ཀྱི་ལས་འགུལ་དོན་ལས་ ད་རུང་རང་ ས་འོག་ལམ་ ཀི་ལོ་མི་ཀྲར་༢་དེ་ཅིག་ བཏོན་དགོ་ནི་ཨིན་མས།

བཟོ་བསྐྲུན་གོང་འཕེལ་ལས་འཛིན་ནང་ལས་ ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ པདྨ་དབང་ཕྱུག་གིས་སླབ་མི་ནང་ ཁོང་གི་ལས་འཛིན་ནང་ལུ་ ད་རེས་ གློག་མེ་ལས་འགུལ་བཟོ་བསྐྲུན་གྱི་དོན་ལུ་དགོཔ་ཡོད་པའི་ མཐུན་རྐྱེན་ཚུ་ག་ར་མཁོ་གྲུབ་འབད་དེ་ཡོད་ཟེར་བཤད་ཅི།

འདི་བཟུམ་སྦེ་ ལས་འཛིན་འདི་ནང་ལུ་ ལཱ་འབད་མི་ཡང་༧༠༠་དེ་ཅིག་ཡོདཔ་ལས་ གློག་མེ་ལས་འགུལ་བཟོ་བསྐྲུན་གྱི་ལཱ་ཚུ་ ལེགས་ཤོམ་སྦེ་རང་འབད་ཚུགས་པའི་རེ་བ་ཡོད་ཟེར་ཨིན་མས།