གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐོར་ཐོར་མི་མཚོ་དང་ རབ་ཕྲེང་མཚོ་ དེ་ལས་ ལུག་གི་མཚོ་ཚུ་ནང་ལུ་ གཟིགས་བསྐོར་གནང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༦

his-majesty-in-thanza-lunana༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགར་ས་རྫོང་ཁག་ ལུ་ན་ན་རྒེད་འོག་ནང་ལུ་ ཐོར་ཐོར་མི་མཚོ་དང་ རབ་ཕྲེང་མཚོ་ དེ་ལས་ ལུག་གི་མཚོ་ཚུ་ནང་ལུ་ གཟིགས་བསྐོར་གནང་ནུག

ད་རུང་ མི་དབང་མངའ་ཞབས་མཆོག་གིས་ ཁྱེགས་ཀྱི་མཁས་མཆོག་ཚུ་དང་ཅིག་ཁར་ ཁྱེགས་ཚུ་གཟིགས་ཞིབ་གནང་ཡོདཔ་མ་ཚད་ ཁྱེགས་མཚོ་འདི་ཚུ་ བལྟ་རྟོགས་འབད་དེ་ཡོད་མི་ འགོ་དཔོན་ཚུ་དང་ཅིག་ཁར་ཡང་ ཕྱད་གནང་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁྱེགས་དང་ཁྱེགས་མཚོ་ཚུ་ ཧེ་མ་སྤྱི་ལོ་༢༠༠༨་ལུ་ཡང་ གཟིགས་ཞིབ་གནང་ནུག

ད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལུ་ན་ན་གི་ ཐཱན་ཟ་གཡུས་ཚན་ནང་ལུ་ཡང་ གཟིགས་བསྐོར་གནང་སྟེ་ མི་སེར་ཚུ་དང་ཅིག་ཁར་ མཇལ་འཕྲད་གནང་ནུག

ཐཱན་ཟ་གཡུས་ཚན་འདི་ ལུ་ན་ན་ལུ་ གཡུས་ཚན་སྦོམ་ཤོས་ཅིག་ཨིནམ་མ་ཚད་ མཚོ་ཚུ་གི་རྩ་བ་རང་ཆགས་ཏེ་ཡོད་པའི་གཡུས་ཚན་ཅིག་ཡང་ཨིན་མས།