གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་ཚུ་འབད་དོ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༧ ༢༠༡༦

dpt-pdp-candidates-for-north-thimphu-woo-voters༉ བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུ་འདི་ ཤུལ་མའི་ཟླཝ་གི་སྤྱི་ཚེས་༤་ལུ་ འགོ་འདྲེན་འཐབ་ནི་ཨིན་མས།

འདེམས་ཁོངས་འདི་གི་དོན་ལུ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་འདི་ སྐྱེས་ལོ་༢༦་ལང་མི་ སྐལ་བཟང་དབང་མོ་ཨིན།

སྐལ་བཟང་དབང་མོ་འདི་ ཀ་ཝང་རྒེད་འོག་ནང་ལས་ཨིནམ་ད་ མོ་གིས་ མཐོ་རིམ་ཤེས་ཡོན་འདི་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭ་ནང་ལས་ ཨིང་ལིཤ་དང་མཐའ་འཁོར་གྱི་ཆོས་ཚན་ནང་ལུ་ སྦྱང་སྟེ་འདུག

མོ་གིས་ སྲིད་དོན་ཚོགས་པ་ནང་ལུ་མ་འཛུལ་བའི་ཧེ་མ་ པདྨ་དགའ་ཚལ་ ངང་ལམ་ལུ་ སྒེར་གྱི་ལས་སྡེ་ཅིག་ནང་ ལཱ་འབད་སྡོད་ནུག

སྐལ་བཟང་དབང་མོ་གིས་སླབ་མི་ནང་ ག་དེ་ཅིག་འབད་བཙག་འཐུ་གྲུབ་པ་ཅིན་ མོ་གིས་ ཐིམ་ཕུག་ཁྲོམ་ནང་འཁོད་ འཐུང་ཆུ་དང་འཁོར་ལམ་ དེ་ལས་ གཞན་མི་ཁྲོམ་གྱི་མཐུན་རྐྱེན་ཚུ་ཡར་དྲག་བཏང་ནི་ནང་ གཙོ་བོར་བསྟེན་འོང་ཟེར་ཨིན་མས།

འདི་བཟུམ་སྦེ་ རྒེད་འོག་ཚུ་ནང་ལས་ཕར་འབད་བ་ཅིན་ འཁོར་ལམ་དང་གློག་མེ་ དེ་ལས་ མི་སེར་ཚུ་གི་མི་ཚེ་གནས་སྟངས་ཡར་དྲག་བཏང་ནི་ བརྩོན་ཤུགས་སྐྱེད་ནི་སྦེ་ཡོད་ཟེར་བཤད་ཅི།

འདི་བཟུམ་སྦེ་ བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུ་དོན་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་འདི་ ཐིམ་ཕུག་ རྟ་བབས་ལས་ སྐྱེས་ལོ་༣༣་ལང་མི་ ཚེ་རིང་ཨིན།dpt-pdp-candidates-for-north-thimphu-woo-voters

ཚེ་རིང་གིས་ མཐོ་རིམ་ཤེས་ཡོན་འདི་ རྒྱ་གར་ཅེ་ནའི་གཙུག་ལག་སློབ་སྡེ་ནང་ལས་ བི་ཞུལ་ཀ་མི་ནེ་ཀེ་ཤཱན་གྱི་ཆོས་ཚན་ སྦྱང་སྟེ་འདུག

འདེམས་ངོ་འདི་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ ལོ་ངོ་གསུམ་གྱི་རིང་ཕྱག་ཞུ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༣་ལུ་ ཐིམ་ཕུག་ལས་ རྒྱལ་ཡོངས་ཚོགས་སྡེ་གི་དོན་ལས་ཡང་ དོ་འགྲན་འབད་ནུག

འདེམས་ངོ་ཚེ་རིང་གིས་སླབ་མི་ནང་ ག་དེ་ཅིག་འབད་བཙག་འཐུ་གྲུབ་པ་ཅིན་ གླིང་གཞི་རྫོང་ཉམས་གསོ་ཞུ་ནི་གི་ལཱ་ ལོག་སྟེ་རང་འགོ་བཙུགས་ནི་ཨིནམ་མ་ཚད་ རྟ་ལམ་ཡར་དྲག་བཏང་ནི་དང་ ཟམ་རྐྱབ་ནི་ཚུ་ནང་ལུ་ཡང་ གཙོ་བོར་བསྟེན་འོང་ཟེར་ཨིན་མས།

དེ་ལས་ ཀ་ཝང་རྒེད་འོག་ནང་ལུ་ འཁོར་ལམ་རྩི་ནག་བཏང་ནི་དང་ བརྡ་དོན་ལྟེ་བ་གཞི་བཙུགས་འབད་ནི་ འདི་བཟུམ་སྦེ་ མི་སྡེ་ཡར་དྲག་བཏང་ནི་ཚུ་ནང་ལུ་ བརྩོན་ཤུགས་སྐྱེད་ནི་འབད་ཡོད་ཟེར་བཤད་ཅི།

འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ གཉིས་ཆ་ར་ ད་རེས་ནངས་པར་ བསྐུལ་བསྒྲགས་ཚུ་འབད་དེ་ རྒྱབ་སྐྱོར་འཚོལ་བའི་བསྒང་རང་ཡོདཔ་ཨིན་མས།

རྒྱལ་ཡོངས་ཚོགས་འདུ་ནང་ལུ་ བྱང་ཐིམ་ཕུག་འདེམས་ཁོངས་འདི་ས་སྟོང་ལུས་ཏེ་ ཡུདཔ་ཅིག་ ཟླཝ་གསུམ་ལང་དོ་ཡོདཔ་ཨིན།

འདི་ཡང་ འབྲུག་ཕུན་སུམ་ཚོགས་པ་ནང་ལས་ སྤྱི་ཚོགས་ཀྱི་འཐུས་མི་ ཀུན་དགའ་ཚེ་རིང་འདི་ དུས་ཅི་ སྤྱི་ཟླ་༨་པའི་ནང་ ཤེས་ཡོན་སྦྱང་ནི་གི་དོན་ལས་ དགོངས་ཞུ་འབད་བའི་ཤུལ་ཨིན་མས།

རྒྱལ་ཡོངས་ཚོགས་འདུ་ནང་ལུ་ ད་རེས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ཁྲི་༣༢་དང་ ལྡོགས་ཕྱོག་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་གིས་ འདེམས་ཁྲི་༡༤་ཐོབ་སྟེ་ཡོདཔ་ཨིན།

བྱང་ཐིམ་ཕུག་འདེམས་ཁོངས་ནང་ལུ་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ སྟོང་ཕྲག་༦་དང་༣༠༠་དེ་ཅིག་འདུག