གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

སྤུ་ན་ཁ་རྫོང་ཁག་འོག་གི་སྤྱི་འོག་༣་གྱི་ནང་ལུ་ ཚོགས་པ་མེད་པར་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༡༧ ༢༠༡༦

punakha-tshogpavacantposts༉ སྤུ་ན་ཁ་རྫོང་ཁག་ འཛོམས་མི་རྒེད་འོག་གི་ སྦྱིས་མི་ཐང་དང་ རྟ་ནག་དབུ་ས་སྤྱི་འོག་ནང་ལུ་ ཚོགས་པ་མེད་པར་འདུག

འདི་བཟུམ་སྦེ་ གླིང་མུ་ཁ་རྒེད་འོག་གི་ གླིང་མུ་ཁ་སྤྱི་འོག་ནང་ལུ་ཡང་ ཚོགས་པ་མེདཔ་ཨིན་མས།

འདི་འབདཝ་ལས་ སྤྱི་འོག་འདི་ནང་གི་མི་སེར་ཚུ་གིས་ ཚ་གྱངས་ཡོད་ལུགས་ཚུ་ བཤད་དོ་ཡོདཔ་ཨིན།

ས་གནས་གཞུང་གི་བཙག་འཐུ་གི་དོན་ལུ་ སྤྱི་འོག་འདི་ཚུ་ནང་ལས་ ཚོགས་པའི་འདེམས་ངོ་ཚུ་ཐོན་ཏེ་ཡོད་རུང་ སྲིད་དོན་ཚོགས་པ་དང་ཅིག་ཁར་ འབྲེལ་བ་ཡོདཔ་སྦེ་མཐོང་པའི་ཤུལ་ ཆ་མེད་སོང་ནུག

བཙག་འཐུའི་ཁྲིམས་ལུགས་དང་འཁྲིལཔ་ད་ སྲིད་དོན་ཚོགས་པ་དང་འབྲེལ་བ་ཡོད་མི་ འདེམས་ངོ་ཚུ་ ས་གནས་གཞུང་གི་བཙག་འཐུ་ནང་ལུ་ དོ་འགྲན་འབད་མ་ཆོགཔ་སྦེ་ཡོདཔ་ཨིན།

 སྤུ་ན་ཁ་རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་སླབ་མི་ནང་ ཚོགས་པ་གི་འདེམས་ཁྲི་སྟོངམ་ཚུ་གི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་བའི་ཤུལ་ལུ་རྐྱངམ་ཅིག་ བཙག་འཐུ་འགོ་འདྲེན་འཐབ་འོང་ཟེར་ཨིན་མས།

ད་རེས་ རྒྱལ་ཁབ་ནང་འཁོད་ལུ་ སྤྱི་འོག་༤༠་དེ་ཅིག་ནང་ལུ་ ཚོགས་པ་ཚུ་ མེདཔ་ཨིན།

ས་གནས་གཞུང་གཞི་བཙུགས་འབད་ནི་ནང་ ཚོགས་པ་གི་དོན་ལུ་ འདེམས་ངོ་འཚོལ་ནི་འདི་ ལཱ་ཁག་ཅིག་སྦེ་ར་ཡོདཔ་ཨིན།