གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

རླུང་གི་སྤུས་ཚད་ཉམས་བཅུག་ནི་ནང་ སྣུམ་འཁོར་གྱི་གྱངས་ཁ་ཡར་སེང་འགྱོ་མི་འདི་གིས་ ལྷན་ཐབས་འབད་དོ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༨ ༢༠༡༦

increasing-number-of-vehicles-impacts-air-quality༉ སྣུམ་འཁོར་གྱི་གྱངས་ཁ་ མགྱོགས་དྲག་འབད་རང་ཡར་སེང་འགྱོ་མི་ལས་བརྟེན་ཏེ་ རྒྱལ་ཁབ་ནང་ལུ་ རླུང་གི་སྤུས་ཚད་ཉམས་བཅུག་ནི་ནང་ལུ་ ལྷན་ཐབས་འབད་བཅུག་སྟེ་ཡོདཔ་སྦེ་ཨིན་མས།

སྤྱི་ལོ་༢༠༡༦་གི་མཐའ་འཁོར་སྙན་ཞུ་དང་འཁྲིལ་བ་ཅིན་ སྣུམ་འཁོར་གྱི་གྱངས་ཁ་ཡར་སེང་འགྱོ་བའི་བསྒང་ལས་ འདི་གིས་ ནག་རླུང་ཚུ་ ཡར་སེང་འགྱོ་བཅུག་དོ་ཡོདཔ་སྦེ་ཨིན་མས།

རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ནང་ལས་ ཚེ་དབང་རྡོ་རྗེ་གིས་སླབ་མི་ནང་ རྒྱལ་ཁབ་ནང་ལུ་ ཉིན་བསྟར་བཞིན་ སྣུམ་འཁོར་གསརཔ་༢༨ལྷགཔ་ཅིག་བདའ་མི་འདི་གིས་ ནག་རླུང་ག་རམ་སྟོང་ཕྲག་ལས་བཅད་དེ་ བཏོན་དོ་ཡོདཔ་སྦེ་བཤད་ཅི།

ད་རུང་ སྣུམ་འཁོར་གྱི་འཁོར་ལོ་དང་གཞན་མི་ཡན་ལག་ཚུ་ནང་ལས་ གྱིབ་ཟད་ཟདཔ་ཚུ་གིས་ཡང་ རླུང་མ་ནང་ལུ་ བཙོག་པ་བཞུག་བཅུག་དོ་ཡོདཔ་སྦེ་ཨིན་མས།

རླུང་མ་འདི་ སྣུམ་འཁོར་གྱི་མ་ཚད་པར་ བཟོ་གྲྭ་འཕྲུལ་ཁང་དང་ས་གཏེར་ དེ་ལས་ རྩི་ནག་མ་བཏང་པར་ཡོད་པའི་འཁོར་ལམ་ཚུ་ནང་ལས་ཐོན་པའི་ཐལཝ་གིས་ཡང་ བཙོག་པ་བཞུགས་བཅུག་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ནགས་ཚལ་མེ་རྐྱེན་གྱི་དུ་པ་དང་ ཉེ་འདབས་ཀྱི་ས་མཚམས་ཚུ་ནང་ལས་ཐོན་པའི་ ཐལཝ་ཚུ་གིས་ཡང་ རྒྱལ་ཁབ་ནང་ལུ་ རླུང་མ་ཧིང་སངས་སང་འབད་ཡོད་མི་འདི་ བཙོག་པ་བཞུགས་བཅུག་དོ་ཡོདཔ་སྦེ་ཨིན་བཤད་ཅི།