གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

བཀྲ་ཤིས་སྒང་ལུ་ རྒཔོ་སྦེ་ བཙག་འཐུ་གྲུབ་སྟེ་ཡོད་མི་ཚུ་གི་གྲལ་ལས་ ཧེ་མ་བཱསི་གི་དེད་གཡོགཔ་སྦེ་ ལཱ་འབད་ཡོད་མི་ཅིག་གིས་ཐོབ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༦ ༢༠༡༦

༉ བཀྲ་ཤིས་སྒང་ལུ་ རྒཔོ་སྦེ་ བཙག་འཐུ་གྲུབ་སྟེ་ཡོད་མི་ཚུ་གི་གྲལ་ལས་ གཅིག་འདི་ ཧེ་མ་བཱསི་གི་དེད་གཡོགཔ་སྦེ་ ལཱ་འབད་ཡོད་མི་ དབང་འདུས་ཨིན་མས།

འདས་པའི་བདུན་ཕྲག་ནང་ ས་གནས་གཞུང་གི་བཙག་འཐུའི་སྐབས་ རྫོང་ཁག་འདི་ནང་ལུ་ མི་རློབས་མཐོ་ཤོས་ཡོད་མི་ རྒེད་འོག་འདི་ནང་ལས་ དབང་འདུས་ཀྱིས་ ཁོ་ལུ་ དོ་འགྲན་འབད་མི་ འདེམས་ངོ་གཉིས་ལས་ རྒྱལ་ཁ་འཐོབ་ཡོདཔ་ཨིན།

དབང་འདུས་ཀྱིས་ རྒཔོ་གི་གོ་གནས་དོན་ལུ་ དོ་འགྲན་འབད་ནིའི་དོན་ལས་ ཁོ་རའི་ལཱ་གཡོག་ སློབ་གྲྭའི་སྣུམ་འཁོར་བཱསི་བཏང་ནི་འདི་ ཟླཝ་༦་གི་ཧེ་མ་ བཀོག་བཞག་ཡོདཔ་ཨིན་མས།lumanggup

ལོ་༥་གི་རིང་ བཱསི་གི་དེད་གཡོགཔ་སྦེ་ ལཱ་འབད་བའི་ཤུལ་ལུ་ ཁོ་གིས་ རྒེད་འོག་ནང་ལུ་ འགྱུར་བ་འབག་འོང་ནིའི་ དམིགས་ཡུལ་ཡོད་མི་ལུ་བརྟེན་ བཙག་འཐུ་ནང་ལུ་ དོ་འགྲན་འབད་ནི་སྦེ་ ཐག་བཅད་ནུག

རྒཔོ་སྦེ་བཙག་འཐུ་གྲུབ་ཡོད་མི་ དབང་འདུས་ཀྱིས་སླབ་མི་ནང་ དེད་གཡོགཔ་སྦེ་ ལཱ་འབད་བའི་རིང་ ཉམས་མྱོང་ལེ་ཤཱ་ར་འཐོབ་སྟེ་ཡོད་མི་ཚུ་གིས་ ད་རེས་ རྒཔོ་སྦེ་ ཕྱག་ཞུ་བའི་རིང་ལུ་ ཕན་ཐོགས་བྱུང་འོང་ཟེར་བཤད་ཅི།

ཁོ་ལུ་ ཚོགས་རྒྱན་བཙུགས་ཡོད་མི་ ལ་ལོ་གཅིག་གིས་སླབ་མི་ནང་ ཁོ་གི་ བསྐུལ་བསྒྲགས་ཀྱི་སྐབས་ ཁས་བླངས་འབད་མི་ཚུ་ སྤྲོ་བ་ཆེ་ཏོག་ཏོ་འདུག་ཟེར་ཨིན་མས།

འདི་ཡང་ སོ་ནམ་ཞིང་ལམ་ ལེགས་བཅོས་དང་རྒྱུན་སྐྱོང་འཐབ་ནི་ཚུ་ ཁོ་གི་ གཙོ་རིམ་ཨིན་མས།

ད་རུང་ ཁོ་གིས་ ཀླུ་མང་རྒེད་འོག་ནང་ལུ་ དབུལ་ཕོངས་མར་ཕབ་དང་ གུང་སྟོང་འདི་ཚུ་ མར་ཕབ་འབད་ནིའི་ འཆར་གཞི་ཡང་ཡོདཔ་ཨིན་མས།