གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

འབྲུག་ཕུན་སུམ་ཚོགས་པའི་ བྱང་ཐིམ་ཕུག་གི་འདེམས་ངོ་གསརཔ་འདི་ སྐྱེས་ལོ་༢༦་ལངས་མི་ སྐལ་བཟང་དབངམོ་ཨིན་ཟེར་ ངོ་བཏོན་འབད་དེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༤ ༢༠༡༦

dpt-norththimphucandidate-kezang-wangmo-2༉ འབྲུག་ཕུན་སུམ་ཚོགས་པའི་ བྱང་ཐིམ་ཕུག་གི་འདེམས་ངོ་གསརཔ་འདི་ སྐྱེས་ལོ་༢༦་ལངས་མི་ སྐལ་བཟང་དབངམོ་ཨིན་མས།

འདེམས་ངོ་གསརཔ་འདི་ཡང་ ཧེ་མའི་ འདེམས་ངོ་འདི་ འདས་པའི་ཟླཝ་ནང་ དོགངས་ཞུ་འབད་བའི་ཤུལ་ལུ་ འཐོན་ཡོདཔ་ཨིན།

སྐལ་བཟང་དབངམོ་གིས་ རྒྱལ་འཛིན་ཐིམ་ཕུག་མཐོ་རིམ་སློབ་གྲྭ་ནང་ལས་ ཨིང་ལིཤ་དང་ མཐའ་འཁོར་ཆོས་ཚན་ནང་ལུ་ མཐོ་རིམ་ཤེས་ཚད་ མཐར་ཁྱོལ་ནུག

ཚོགས་པ་གིས་བཀོད་མི་ནང་ ད་རེས་ཀྱི་སྐབས་ ཁོང་གི་འདེམས་ངོ་འདི་ལུ་ ཐེ་ཚོམ་ག་ནི་ཡང་མེད་པར་ བློ་བདེ་པག་པ་སྦེ་ཡོད་ཟེར་ཨིན་མས།

ཧེ་མའི་ འདེམས་ངོ་ དགོངས་ཞུ་འབད་མི་གི་ཐད་ལུ་ ཚོགས་པའི་ཁ་ཐུག་ལས་ ལེགས་ཤོམ་སྦེ་ངོས་ལེན་འབད་དོ་ཡོདཔ་ཨིན་མས།

དེ་ཡང་ ཚོགས་པ་གིས་བཀོད་མི་ནང་ འདེམས་ངོ་དགོངས་ཞུ་འབད་མི་འདི་གིས་ ཁོང་ལུ་ འདེམས་ངོ་སྒྲིང་སྒྲིང་གཅིག་ འཚོལ་ནི་གི་ དུས་ཚོད་འཐོབ་ཅི་ཟེར་ཨིན་མས།

ལྡོག་ཕྱོགས་འགོ་ཁྲིདཔ་གིས་སླབ་མི་ནང་ ཁོང་གི་ཁ་ཐུག་ལས་ ཨམ་སྲུ་དང་ན་གཞོན་ཚུ་ལུ་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ཨིན་མས།

དེ་འབདཝ་ལས་ མི་ཚུ་གིས་ཡང་ ཁོང་ལུ་ རྒྱབ་བསྐྱོར་འབད་བའི་རེ་བ་ཡོད་ཟེར་བཤད་ཅི།

རྒྱལ་ཡོངས་ཚོགས་འདུ་ནང་ལུ་ འདེམས་ཁྲི་སྟོངམ་འཐོན་ཏེ་ཡོད་མི་གི་དོན་ལུ་ དུས་མིན་བཙག་འཐུ་འདི་ དུས་ཅི་སྤྱི་ཟླ་༡༡་པའི་ ཧེ་མ་ལས་འགོ་འདྲེན་འཐབ་ནི་ཨིན་མས།

བྱང་ཐིམ་ཕུག་ལས་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཀུན་དགའ་ཚེ་རིང་འདི་ སྤྱི་ཟླ་༨་པའི་ནང་ དགོངས་ཞུ་འབད་ཡོདཔ་ཨིན།