གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

བསམ་རྩེ་ལུ་ ཧེ་མའི་རྒཔོ་༤་རྐྱངམ་ཅིག་ ལོག་བཙག་འཐུ་གྲུབ་སྟེ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༡ ༢༠༡༦

samtseformergupout༉ བསམ་རྩེ་རྫོང་ཁག་ནང་ལུ་ ཧེ་མའི་རྒཔོ་༡༢་ཀྱིས་དོ་འགྲན་འབད་ས་ལས་ ཁོང་༤་རྐྱངམ་ཅིག་ བཙག་འཐུ་གྲུབ་སྟེ་འདུག

འདི་འབདཝ་ལས་ རྫོང་ཁག་འདི་ནང་ལུ་ མི་སེར་ཚུ་གིས་ ད་རེས་ཀྱི་ས་གནས་གཞུང་གི་འགོ་ཁྲིདཔ་མང་ཤོས་ཅིག་རང་ གསརཔ་ཚུ་གདམ་ཁ་རྐྱབ་སྟེ་ཡོདཔ་ཨིན་མས།

ཧེ་མའི་རྒཔོ་༡༢་ཀྱི་གྲལ་ལས་ ༣་འདི་ སྤྱིར་སྙོམས་འཛོམས་འདུ་ནང་ལས་རང་ གདམ་འཐུ་མ་གྲུབ་དང་ གཞན་མི་ ༥་འདི་ ཚོགས་རྒྱན་གྱི་ཉིནམ་མཇུག་བསྡུ་བའི་ཤུལ་ གྲུབ་འབྲས་ཐོན་པའི་སྐབས་ བཙག་འཐུ་མ་གྲུབ་ཨིན།

བསམ་རྩེ་རྫོང་ཁག་ནང་ལུ་ ཧེ་མའི་རྒཔོ་ ལོག་སྟེ་རང་བཙག་འཐུ་གྲུབ་མི་ རྒེད་འོག་ཚུ་ཡང་ ནོར་བུ་སྒང་དང་པདྨ་གླིང་ དེ་ལས་ བསམ་རྩེ་དང་འོད་གསལ་རྩེ་རྒེད་འོག་ཚུ་ཨིན་མས།

གཟའ་ལྷགཔ་གི་ཚེ་འགོ་འདྲེན་འཐབ་མི་ ས་གནས་གཞུང་གི་བཙག་འཐུ་ཐེངས་༢་པ་འདི་ནང་ལུ་ བསམ་རྩེ་རྫོང་ཁག་གི་རྒེད་འོག་ཚུ་གི་གྲལ་ལས་ རྒཔོ་གི་འདེམས་ངོ་འདི་ མཐོ་ཤོས་རང་ ནོར་རྒྱས་སྒང་རྒེད་འོག་ནང་ལུ་༥་ཐོ་མི་འདི་ཨིན་མས།

འདི་བཟུམ་སྦེ་ རྫོང་ཁག་འདི་ནང་ལུ་ ཚོགས་རྒྱན་བཙུགས་པར་འོང་མི་མཐོ་ཤོས་འདི་ཡང་ རྒེད་འོག་འདི་ནང་ལུ་ མི་བརྒྱ་ཆ་༦༨་འོང་མི་འདི་ཨིན་མས།