གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༡

རྒྱལ་ཁབ་ནང་ལུ་ གཙང་མོ་འཐོན་ནི་དང་ བློ་ཟེ་འགྱུར་ནི་གི་སྲོལ་ ཉམས་འགྱོ་དོ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༦ ༢༠༡༦

Requiem for dying songs༉ ཧེ་མ་འབད་བ་ཅིན་ གྲོང་གསེབ་ཀྱི་ ས་གནས་ཚུ་ནང་ལས་ཕར་ གཙང་མོ་འཐོན་ནི་དང་ བློ་ཟེ་འགྱུར་ནི་ཚུ་ དུས་རྒྱུན་དུ་ འབད་སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པ་འབད་བ་ཅིན་ སྲོལ་འདི་ཚུ་ དེ་ཅིག་ར་མཐོང་ནི་མེདཔ་ཨིན།

མི་རྒས་ཤོས་དག་པ་ཅིག་གིས་སླབ་མི་ནང་ ད་རེས་ སྲོལ་འདི་ ལག་ལེན་འཐབ་མི་ མི་ རེ་རེ་གཉིས་གཉིས་རྐྱངམ་ཅིག་འདུག་ཟེར་ཨིན་མས།

Get the Flash Player to see the wordTube Media Player.

ད་རེས་ རྒྱལ་ཁབ་ནང་ལུ་ གཙང་མོ་དང་བློ་ཟེ་ནང་ལུ་ ཡོངས་གྲགས་ཆེ་ཤོས་ར་ སྤ་རོ་ལས་ བྲེ་གང་དང་ དབང་འདུས་ཕོ་བྲང་ལས་ གནག་ལེགསམོ་ཨིན་མས།

སྲོལ་འདི་ཉམས་འགྱོ་ནི་གུ་ ཐུག་སྟེ་ཡོད་མི་དང་འབྲེལ་ ཁོང་གཉིས་ཀྱིས་ གཙང་མོ་དང་བློ་ཟེ་ཚུ་ མི་གཞོནམ་ཚུ་ལུ་ བཏོན་བྱིན་ནི་ནང་ གཙོ་བོ་བཏོན་དོ་ཡོདཔ་ཨིན་མས།

བྲེ་གང་གིས་སླབ་མི་ནང་ གཙང་མོ་དང་བློ་ཟེ་འདི་ཚུ་ དགའཝ་དང་མ་དགའཝ་བའི་ ལོ་རྒྱུས་བཤད་ནི་ དེ་ལས་ ཚོད་བལྟ་ནི་དང་ མེད་མེད་བསྐྱུར་ནི་གི་ ཐབས་ཤེས་ ཡོངས་གྲགས་ཅན་ཅིག་སྦེ་ སྡོད་ཡི་ཟེར་ཨིན་མས།

མི་ལ་ལོ་གཅིག་གིས་སླབ་མི་ནང་ དེ་བཟུམ་མའི་སྲོལ་འདི་ ངག་རྒྱུན་གྱི་ཐོག་ལས་སྦེ་ སྤེལ་དོ་ཡོདཔ་ལས་ ད་ལས་ཕར་ ཉམས་སྲུང་གི་ཐབས་ཤེས་ སོ་སོ་སྦེ་བཏོན་ནི་འདི་ ཁག་ཆེ་བས་ཟེར་བཤད་ཅི།

ཨིན་རུང་ སྲོལ་འདི་ཉམས་མ་འགྱོ་བའི་ཧེ་མ་ལས་ རྒྱལ་གཞུང་འཆམ་དང་ཟློས་སྒར་སྤེལ་ཁང་གིས་ ནང་འཁོད་ཀྱི་མཁས་མཆོག་དང་ ཉམས་མྱོང་ཅན་ཚུ་ལས་ གྲོགས་རམ་དང་རྒྱབ་བསྐྱོར་ལེན་ཞིནམ་ལས་ གཙང་མོ་དང་བློ་ཟེ་གི་ སྲོལ་རྒྱུན་འདི་ ཡིག་ཐོག་གུར་བཀོད་ནི་གི་ལཱ་ཚུ་ འབད་བའི་བསྒང་འདུག

སྲོལ་འཛིན་ལས་ཁུངས་དང་འཁྲིལ་པ་ཅིན་ རྒྱལ་ཁབ་ནང་ལུ་ དེ་བཟུམ་མའི་ ལམ་སྲོལ་ཚུ་གི་སྐོར་ལས་ ཞིབ་འཚོལ་འབད་དེ་ ཡིག་ཐོག་བཀོད་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ ད་རེས་ཀྱི་འཆར་གཞི་ནང་ལུ་ འཆར་དངུལ་ཡང་ སོ་སོ་སྦེ་ར་གནང་སྟེ་ཡོད་ཟེར་ཨིན་མས།