གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

བཀྲིས་གཡང་རྩེ་རྫོང་ཁག་ནང་ལུ་ སྒོ་ནོར་གྱི་འཐོན་སྐྱེད་ མཁོ་འདོད་བསྐྱེད་མི་ ལེ་ཤ་ཅིག་རང་ཡོད་རུང་ སྒོ་ནོར་གསོ་སྐྱོང་འཐབ་མི་ཅིག་གི་ ཚོང་ལཱ་ལེགས་ཤོམ་འགྱོ་མ་བཏུབ་པར་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༩ ༢༠༡༦

YangtseGonor-༉ བཀྲིས་གཡང་རྩེ་རྫོང་ཁག་ནང་ལུ་ སྒོ་ནོར་གྱི་འཐོན་སྐྱེད་ མཁོ་འདོད་བསྐྱེད་མི་ ལེ་ཤ་ཅིག་རང་ཡོད་རུང་ རྫོང་ཁག་འདི་ནང་ལུ་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཅིག་ཨིན་མི་ སངས་རྒྱས་རྒྱ་མཚོ་གིས་ སྒོ་ནོར་གསོ་སྐྱོང་འཐབ་ནི་ འགོ་བཙུགས་ཏེ་ཡོད་མི་འདི་ ཚོང་འབྲེལ་ལེགས་ཤོམ་ཅིག་འབད་ འགྱོ་མ་བཏུབ་པར་འདུག

འདས་པའི་ལོ་གཅིག་ལྷགཔ་ཅིག་གི་ཧེ་མ་ སངས་རྒྱས་རྒྱ་མཚོ་གིས་ སྒོ་ནོར་གྱི་འཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནི་གི་དོན་ལས་ སྤྲོ་བ་དང་རེ་འདོད་སྦོམ་སྦེ་རང་ བསྐྱེད་ཡོདཔ་ཨིན་རུང་ ད་རེས་ ཚོང་ལཱ་འདི་ ཁོ་རའི་རེ་འདོད་དང་འཁྲིལ་ཏེ་ འགྱོ་མ་བཏུབ་པར་འདུག

སངས་རྒྱས་ཀྱིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ མཐར་འཁྱོལ་ཡོདཔ་ད་ ཁོ་གིས་ ཚོང་ལཱ་འགོ་བཙུགས་ནི་གི་དོན་ལས་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་ལས་ བསྐྱིན་འགྲུལ་ས་ཡ་༡ལྷགཔ་ཅིག་ ལེན་ཡོདཔ་ཨིན་མས།

Get the Flash Player to see the wordTube Media Player.

ཁོ་གིས་ ཚོང་ལཱ་འདི་འགོ་བཙུགས་པའི་བསྒང་ རེ་འདོད་དང་སྤྲོ་བ་སྦོམ་བསྐྱེད་དེ་ འགོ་བཙུགས་ཡོདཔ་ཨིན་རུང་ ད་རེས་ ཚོང་ལཱ་འདི་ལེགས་ཤོམ་ཅིག་འབད་ འགྱོ་མ་བཏུབ་མི་ལས་བརྟེན་ དབུག་འགམ་སྟེ་སྦེ་འདུག

ཁོ་གིས་ ཚོང་ལཱ་ལེགས་ཤོམ་མ་འགྱོ་མི་ གནད་དོན་གཙོ་བོ་རང་ མཛར་སི་ནོར་༣་ ཕྱུ་འབག་མ་བཏུབ་པར་ ཟླཝ་ལེ་ཤ་ཅིག་འགྱོ་མི་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

འདི་འབདཝ་ལས་ ཨོམ་གྱི་འཐོན་ཤུགས་འདི་ཡང་ ཧེ་མ་ ཉིམ་རེ་ནང་ ཨོམ་ལི་ཀྲར་༤༠འཐོན་ས་ལས་ ལི་ཀྲར་༢༠ལུ་ མར་ཕབ་སོང་ཡོདཔ་ད་ འོང་འབབ་ལས་བཅད་རུང་ ཧེ་མ་ ཟླཝ་རེ་ནང་ འོང་འབབ་དངུལ་ཀྲམ་སྟོང་ཕྲག་༣༥ཐོབ་སྟེ་ཡོད་ས་ལས་ ཕྱེད་ཀ་གིས་རང་ མར་ཕབ་སོང་ཡི་ཟེར་ཨིན་མས།

དརེས་ ཁོ་གི་འོང་འབབ་འདི་གིས་ ཟླ་རིམ་བཞིན་དུ་ སྐྱིན་འགྲུལ་ལོག་བཏབ་ནི་ལངམ་ཅིག་རང་ཨིན་མས།

འདི་བཟུམ་སྦེ་ ཁོ་གི་ཚོང་འབྲེལ་ མར་ཉམས་འགྱོ་མི་ལས་བརྟེན་ ནོར་གྱི་རྩྭ་ཆག་ཉོ་ནི་གི་དོན་ལས་ཡང་ ལཱ་ཁག་བཏང་སྟེ་སྦེ་འདུག

ད་ལས་ཕར་སངས་རྒྱས་ཀྱིས་ དཀའ་ངལ་འདི་ལེས་ཐབས་ལུ་ འབོ་ཅུ་ཚར་ནི་གི་དོན་ལས་ ཕ་ཁབ་མེན་པར་ ཕ་གླང་གླ་ཁར་ལེན་ནི་གི་ འཆར་གཞི་འདུག