གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

མིག་ཏོ་གི་མཛོད་ཁང་ནང་ལུ་ འདས་པའི་ལོ་གཉིས་ཀྱི་རིང་ མིག་ཏོ་གི་ལྤགས་ཀོ་འབྱིན་ནི་སྦེ་ ཁས་བླངས་འབད་མི་ མི་༩༦་ལས་བརྒལ་ མ་ཐོནམ།

སྤྱི་ཟླ་༨ པའི་ཚེས་ ༢༩ ༢༠༡༦

Pledge to donate eyes yet to pick up༉ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ཡོད་པའི་ མིག་ཏོ་གི་མཛོད་ཁང་ནང་ལུ་ འདས་པའི་ལོ་གཉིས་ཀྱི་རིང་ ཀོར་ནི་ཡ་ཟེར་ མིག་ཏོ་གི་ལྤགས་ཀོ་འབྱིན་ནི་སྦེ་ ཁས་བླངས་འབད་མི་ མི་༩༦་ལས་བརྒལ་ མ་ཐོན་པས།

གསོ་བའི་འགོ་དཔོན་ཚུ་གིས་སླབ་མི་ནང་ མི་ཚུ་གིས་ མིག་ཏོ་གི་མཛོད་ཁང་ཟེར་མི་འདི་རང་ ག་ཅི་ཨིན་ན་ མ་ཤེས་པར་འདུག་ཟེར་ཨིནམ་མ་ཚད་ ལ་ལུ་ཅིག་གིས་ ཤེས་རུང་ ཤུལ་མའི་མི་ཚེ་ནང་ལུ་ མིག་ཏོ་མེད་པར་སྐྱེས་འོང་ཟེར་བའི་རྣམ་རྟོག་ལས་བརྟེན་ཏེ་ མིག་ལྤགས་འབྱིན་ནི་ནང་ དྭངས་འདོད་མིན་འདུག་ཟེར་བཤད་ཅི།

ཨིན་རུང་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭའི་ མཁན་པོ་རྣམ་རྒྱལ་གྱིས་སླབ་མི་ནང་ དེ་སྦེ་ མིག་ཏོ་གི་པགས་ཀོ་བྱིན་ཚུགས་པ་ཅིན་ སྦྱིན་པ་ཚུ་གི་གྲལ་ལས་ མཆོག་ཏུ་འགྱུར་པ་ཅིག་འབདཝ་ལས་ གནམ་མེད་ས་མེད་ ལེགས་ཤོམ་ཨིན་ཟེར་བཤད་ཅི།

མིག་ཏོ་གི་མཛོད་ཁང་འདི་ མིག་ཏོག་གི་པགས་ཀོ་བདག་འཛིན་འཐབ་སྟེ་བཞག་སའི་ས་སྒོ་ཅིག་ཨིནམ་ད་ མིག་ལྤགས་འདི་ཡང་ ཞལ་འདེབས་འབྱིན་ནི་སྦེ་ཁས་ལེན་འབད་མི་ཚུ་ ཤི་ཚར་བའི་ཤུལ་ དུས་ཡུན་ཆུ་ཚོད་དྲུག་གི་ནང་འཁོད་ བཏོནམ་ཨིན་མས།

ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ མིག་བཅོས་སྡེ་ཕྲན་ནང་ལས་ ངག་དབང་བསྟན་འཛིན་གྱིས་སླབ་མི་ནང་ མིག་ལྤགས་འདི་ ལོ་རྒན་གཞོན་མེད་པར་ ག་ར་གིས་ ཞལ་འདེབས་འབད་ཚུགས་ནི་ཨིནམ་མ་ཚད་ མིག་ཏོ་ལེགས་ཤོམ་སྦེ་མ་མཐོང་མི་ཚུ་གིས་ཡང་ ཞལ་འདེབས་འབད་ཚུགས་ཟེར་བཤད་ཅི།

ཨིན་རུང་ ནད་གཞི་ཨེཆ་ཨའི་ཝི་དང་ ཧེ་པ་ཀྲ་ཀྲའིས་ལ་སོགས་པ་ ཐོབ་མི་ཚུ་གིསའབད་བ་ཅིན་ མིག་ལྤགས་ཀྱི་ཞལ་འདེབས་འདི་ འབྱིན་མི་ཚུགས་ཟེར་ཨིན་མས།

མིག་ལྤགས་འདི་ཡང་ ཞལ་འདེབས་འབྱིན་ནི་སྦེ་ཁས་ལེན་འབད་མི་ཚུ་ ཤི་ཚར་བའི་ཤུལ་ དུས་ཡུན་ཆུ་ཚོད་དྲུག་གི་ནང་འཁོད་ བཏོན་དགོ་ནི་ཨིན་མས།

མཛོད་ཁང་འདི་ནང་ལུ་ མིག་ལྤགས་འདི་ཡོད་པ་ཅིན་ མིག་ལྤགས་ཚབ་བཙུགས་ནི་གི་སྨན་བཅོས་འདི་ རྒྱལ་ཁབ་ནང་འཁོད་རང་ འབད་ཚུགས་ནི་ཨིན་མས།